སྐད་ཡིག་སྦྲེལ་ཟམ་དུ་བྱས་ནས་ཤེས་དཔལ་མཉམ་གནས་ཀྱི་ལམ་བུ་གཏོད་པ།
ཆར་རྗེས་འབྲུ་རིགས་སྣ་ཚོགས་སྐྱེ་འཚར་བཟང་བའི་དུས་ཚིགས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོ་སྐབས་བཅུ་བདུན་པ་དང་2026ལོའི“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོ”འཆར་ཅན་བཞིན་འགོ་ཚུགས་པ་རེད། འཛམ་གླིང་རྒྱལ་ཁབ་ཁག་གི་འབྲེལ་བ་ཉིན་རེ་ལས་མ་འདས་པར་ཇེ་ཟབ་ཏུ་འགྲོ་བའི་དུས་རབས་ཀྱི་རྒྱབ་ལྗོངས་འོག ཤེས་དཔལ་མི་འདྲ་བ་ཡུལ་དུས་གཅིག་ཏུ་འཕྲད་ནས་ཕན་ཚུན་མཉམ་འདྲེས་ཡོང་གི་ཡོད། ཤེས་རྟོགས་དང་མཉམ་སྤྱོད་ཐུབ་པའི་སྤྱི་པའི་རིག་གནས་ཐོན་ཁུངས་ཤིག་ཡིན་པའི་ངོས་ནས། རྒྱ་ཡིག་གིས་འཛམ་གླིང་ལ་ལོ་ངོ་ལྔ་སྟོང་གི་འོད་སྟོང་འབར་བའི་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་གྲུབ་འབྲས་མངོན་པའི་འགན་འཁྲི་འཁུར་བཞིན་ཡོད།
2010ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐད་ཡིག་ཉིན་མོ་གཏན་འཁེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། དེའི་དམིགས་ཡུལ་ནི་གཞུང་ཕྱོགས་ཀྱི་སྐད་ཡིག་རིགས་ཁག་6འདྲ་མཉམ་ངང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། སྐད་རིགས་མང་པོ་མཉམ་དུ་གནས་པའི་འཛམ་གླིང་ལ་དེ་བས་དོ་མཉམ་དང་བསྟུན་མཁས་ཀྱི་སྤེལ་རེས་ལས་སྟེགས་ཤིག་བསྐྲུན་ཆེད་རེད། རྒྱ་ཡིག་ཉིན་མོས་འཛམ་གླིང་ལ་ཀྲུང་གོའི་ཡི་གེ་མཐོང་དུ་བཅུག་པ་མ་ཟད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལའང་འགྲེམས་སྟོན་བྱེད་པའི་གར་སྟེགས་ཤིག་མཁོ་འདོན་བྱས་ནས་གནམ་འོག་ཡུལ་གྲུ་ཀུན་གྱིས་ཀྲུང་ཧྭའི་ཤེས་དཔལ་གྱི་མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་གནས་དེ་མཉམ་དུ་ཚོར་ཐུབ་པ་བྱས་ཡོད། འཛམ་གླིང་ལ་གཏམ་བརྗོད་བྱ་ཐབས་གཅིག་རང་མིན་པས། སྐད་ཡིག་རིག་གནས་ཀྱི་སྣ་མང་རང་བཞིན་ལ་བརྩི་འཇོག་གིས་སྐད་ཡིག་མི་འདྲ་བར་གཏམ་བརྗོད་ཀྱི་དབང་ཆ་འདྲ་མཉམ་ཐོབ་པར་བྱེད་དགོས།
ལོ་མང་རིང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོ་དང་། “ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ” “རྒྱལ་སྤྱིའི་ཕ་སྐད་ཉིན་མོ”སོགས་དུས་ཚིགས་གལ་ཆེན་ལ་བརྟེན་ནས། རིག་གཞུང་བགྲོ་གླེང་དང་། ཡིག་གཟུགས་དང་རི་མོ་འགྲེམས་སྟོན། ཇ་རྩལ་ངོམ་སྟོན། བྱིས་པའི་ཀློག་དེབ་སོགས་རིག་གནས་བྱེད་སྒོ་སྣ་མང་སྤེལ་བ་དང་། བྱེད་སྒོ་དེ་དག་བརྒྱུད། རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྱིས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མྱོང་རོལ་ཐུབ་སྟེ། ཤར་ཕྱོགས་ཤེས་དཔལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ལེགས་མངོན་ཡོད།
རྒྱལ་སྤྱིར་རྒྱ་ཡིག་ཁྱབ་སྤེལ་བཏང་བ་དེ་ནི་ཤེས་བྱའི་མཚམས་ཚད་རྒྱ་སྐྱེད་བཏང་བ་ཡིན་ལ། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་འཁོར་སྐྱོད་བྱ་ཐབས་ཤེས་རྟོགས་བྱ་ཆེད་འབྲེལ་ཟམ་སྣུར་སྲིང་བྱས་པའང་ཡིན་པས། དེས་ཤེས་དཔལ་མི་འདྲ་བ་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། སྐད་ཡིག་གཅིག་ཁོང་དུ་ཆུད་པར་སྐད་ཡིག་དེའི་བསམ་བློའི་འཁྱེར་སོ་དང་རིག་གནས་སྲོལ་རྒྱུན་ལ་ཤེས་རྟོགས་དེ་བས་གཏིང་ཟབ་བྱེད་དགོས་པས། དེས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་ལ་ཆ་རྐྱེན་བསྐྲུན་ཡོད། ཕན་ཚུན་འབྲེལ་མཐུད་ཀྱི་ལག་ཆ་ཞིག་ཡིན་པའི་ངོས་ནས། རྒྱ་ཡིག་གིས་ཀྲུང་ཧྭའི་ཤེས་དཔལ་དེ་ཤེས་དཔལ་གཞན་དང་མཉམ་དུ་དེ་བས་འདྲ་མཉམ་གྱི་རྨང་གཞི་ཐོག་སྐད་ཆ་ཤོད་རེས་བྱས་ཏེ་དེ་བས་རྒྱུས་མངའ་ལོན་པར་བྱེད་ཀྱི་ཡོད། དོན་སྙིང་དེའི་ཐོག་ནས་བརྗོད་ན། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐད་ཡིག་ནས་འདེགས་སྐྱོར་གལ་ཆེན་ཐོབ་ཡོད།
སྔར་ནས་ད་བར། སྐད་ཡིག་ནི་གྲང་ཤུར་ཤུར་གྱི་མཚོན་རྟགས་ཤིག་ཡེ་ནས་མ་ཡིན། དེ་ནི་མིའི་རིགས་ཀྱི་ཤེས་བྱ་དང་བརྩེ་དུང་ཕན་ཚུན་འབྲེལ་མཐུད་བྱེད་པའི་དྲོ་སྐྱིད་ལྡན་པའི་སྦྲེལ་ཟམ་ཞིག་དང་འདྲ་བར་མིའི་རིགས་ཀྱི་ཐུན་མོང་གི་རྩ་ཆེའི་ཤུལ་བཞག་ཡིན། སྐད་ཡིག་གི་དུས་ཡུན་རིང་པོའི་ཤུགས་རྐྱེན་ལ་བརྟེན་ནས། རྒྱ་ཡིག་དེ་ཉིད་འཛམ་གླིང་འབྲེལ་མཐུད་བྱེད་པའི་མཉེན་ཤུགས་ཤིག་ཏུ་གྱུར་ཏེ། མི་དེ་བས་མང་བ་ཕན་ཚུན་སེམས་གཏད་ནས་ཉན་པ་དང་ཕན་ཚུན་བསམ་ཤེས་ཐུབ་པར་བྱས་ཡོད། རྒྱ་ཡིག་ཉིན་མོས་གསལ་སྟོན་བྱས་པ་ནི་སྐད་ཡིག་དང་འབྲེལ་བའི་ཕུགས་བསམ་གྱི་ལམ་བུ་ཙམ་མ་ཡིན་པར། འཛམ་གླིང་ཞི་བདེ་མཉམ་གནས་དང་མིའི་རིགས་ཀྱི་འབྱུང་འགྱུར་ཇི་ལྟར་བྱས་ཏེ་མཉམ་དུ་གཏོད་པའི་མཛེས་སྡུག་ལྡན་པའི་ལྗོངས་རིས་དེ་བས་ཀྱང་ཡིན།
(རྩོམ་པ་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་མཚན་གནས་ཐོབ་པའི་འཐུས་མི་ཡིན་པ)
འབྲེལ་ཡོད་གསར་འགྱུར།