པར་རིས་གསར་འགྱུར།

ཉེ་ཆར། ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁོར་ཆིན་ཙུའོ་དབྱི་ཧུའོ་ཆི་ཧྲུའུ་ལི་ཀུའུ་ཐའེ་བྱེ་འགོག་བྱེ་བཅོས་རྣམ་གྲངས་ཁུལ་དུ་བྱེ་བཅོས་བཟོ་པ་ཚོས་རྩྭ་འདིང་བ་དང་ཀྲང་ཙི་ཐང་ཤིང་བཏབ་ནས་བྱེ་ཐང་སྔོ་ལྗང་གིས་བརྒྱན་ཡོད། རྣམ་གྲངས་ཁུལ་དེའི་བྱེ་སའི་རྒྱ་ཁྱོན་མུའུ་3000ཙམ་ཟིན་པ་དེ་ནི་ཁོར་ཆིན་ཙུའོ་དབྱི་ཧུའོ་ཆིའི་མཐའ་མའི་བཅོས་སྒྲིག་བྱེད་འཕྲོར་ལུས་པའི་བྱེ་ཐང་མཐའ་མ་དེ་རེད། ད་ལོ་ཐུང་ལེའོ་གྲོང་ཁྱེར་གྱིས་ཁོར་ཆིན་གྱི་བྱེ་ས་མུའུ་ཁྲི་400བཅོས་སྒྲིག་བྱ་རྒྱུ་ཡིན་པ་དེའི་ནང“བྱང་གསུམ”ལས་གྲྭའི་ལས་འགན་མུའུ་ཁྲི་148.57ཚུད་ཡོད། འདི་ནི་བྱེ་འགོག་བྱེ་བཅོས་རྣམ་གྲངས་ཁུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།