དངུལ་འཛིན་ལྟ་འདོམས་ཨུ་ལྷན་གྱིས་2025ལོར་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་701ཞིབ་བཤེར་ཐག་གཅོད་བྱས་པ།
ཉེ་ཆར། གསར་འགོད་པས་དངུལ་འཛིན་ལྟ་འདོམས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། དངུལ་འཛིན་ལྟ་འདོམས་ཨུ་ལྷན་གྱིས་ན་ནིང་ལོ་འཁོར་མོར་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་701ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད།
གྱོད་གཞི་ཐོན་པའི་ཁྱབ་ཁོངས་ནས་བལྟས་ན། ཆ་འཕྲིན་ཕྱིར་གྱར་བའི་ཁྲིམས་འགལ་གྱོད་གཞི་200དང་། མཚམས་སྦྱོར་སྒྲིག་གཞིའི་ཁྲིམས་འགལ་གྱོད་གཞི་77 ནང་མོལ་ཉོ་ཚོང་གྱོད་གཞི་218 ཁྲོམ་ར་ཁ་སྒྱུར་གྱི་གྱོད་གཞི་85 ཐེབས་རྩ་སྒེར་སློང་གི་ཁྲིམས་འགལ་གྱོད་གཞི་26 ལས་ཞུགས་མི་སྣའི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི་51སོགས་ཚུད་ཡོད་པ་རེད།
གྱོད་གཞི་ཐོན་ཚུལ་ལ་བལྟས་ན། ཀུང་སིའི་སྒྲིག་གཞིའི་ཁྲིམས་འགལ་རིགས་དང་ཉོ་ཚོང་ཁྲིམས་འགལ་རིགས་ཀྱི་གྱོད་གཞིར“གཅིག་ཆག་གཅིག་འཕར”གྱི་རྣམ་པ་མངོན་ཡོད་པ་རེད། ཆ་འཕྲིན་ཕྱིར་གྱར་བའི་ཁྲིམས་འགལ་གྱོད་གཞིའི་གྲངས་འབོར་དུས་མཚུངས་ལས་19.68%ཆག་པ་དང་མཚམས་སྦྱོར་སྒྲིག་གཞིའི་ཁྲིམས་འགལ་གྱོད་གཞིའི་གྲངས་འབོར་དུས་མཚུངས་ལས་18.95%ཆག་ཡོད་པ་རེད།
ཆད་གཅོད་བྱེད་ཤུགས་ལ་བལྟས་ན། ལོ་འཁོར་མོར་ཆད་གཅོད་ཀྱི་གཏན་འབེབས་661བྱས་པ་དེ་དུས་མཚུངས་ལས་11.66%འཕར་བ་དང་། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་སྒོར་དུང་ཕྱུར་154.74ཟིན་པ་དེ་དུས་མཚུངས་ལས་0.86%འཕར་བ། འགན་འཁུར་བྱེད་པོ་མི་ཐེངས་1506ལ་ཆད་པ་བཅད་པ་དེ་དུས་མཚུངས་ལས་13.49%འཕར་བ། ཁྲོམ་རར་མི་142ཞུགས་མི་ཆོག་པ་བཟོས་པ་དེ་དུས་མཚུངས་ལས་20.34%འཕར་ཡོད། སྤྱི་བདེ་ལས་ཁུངས་ལ་འཛིན་ལོར་དང་དུས་བཅད་ཚོང་ཟོག་གི་ཉེས་གསོག་དོགས་གཞི་ཡོད་པའི་གྱོད་གཞིའི་ཁུངས་སྣེ་172རྩིས་སྤྲད་པ་དེ་ན་ནིང་དང་སྤྱིར་ན་གཅིག་མཚུངས་ཡིན་པ་དང་ཁྲིམས་འགལ་བྱེད་པོ་500ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།
དངུལ་འཛིན་ལྟ་འདོམས་ཨུ་ལྷན་གྱིས། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་མུ་མཐུད་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས། ནུས་ཤུགས་ཡོད་རྒུས་ལྟ་འདོམས་ཁྲིམས་སྒྱུར་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་སྟེ་མ་འཇོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་བའི་ཁྲིམས་སྒྱུར་ལ་བརྟེན་ཏེ་མ་རྩའི་ཁྲོམ་ར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།