དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྕགས་ལམ་ནས་དཔྱིད་ཀའི་སྤྲོ་གསེང་སྐྱེལ་འདྲེན་གྱི་ཉིན་32ནང་འགྲུལ་པ་མི་ཐེངས་ཁྲི་9100ལྷག་ཙམ་སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-23

    གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་20ཉིན་བར། འབྲི་ཆུའི་ཟུར་གསུམ་ཁུལ་ལྕགས་ལམ་གྱི་2026ལོའི་དཔྱིད་ཀའི་སྤྲོ་གསེང་སྐྱེལ་འདྲེན་མཇུག་འགྲིལ་ཞིང་། ཉིན་32རིང་འགྲུལ་པ་མི་ཐེངས་ཁྲི་9100ལྷག་ཙམ་བདེ་འཇགས་ངང་སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་285སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་5%ལྷག་ཙམ་འཕར་ཡོད། དེའི་ནང་ཟླ་4ཚེས་4ཉིན་འགྲུལ་པ་མི་ཐེངས་ཁྲི་466སྐྱེལ་འདྲེན་བྱས་པ་དེས་འབྲི་ཆུའི་ཟུར་གསུམ་ཁུལ་ལྕགས་ལམ་གྱི་ཉིན་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།

    འབྲི་ཆུའི་ཟུར་གསུམ་ཁུལ་ལྕགས་ལམ་གྱི་དཔྱིད་ཀའི་སྤྲོ་གསེང་སྐྱེལ་འདྲེན་རིང(ཟླ་3ཚེས་20ཉིན་ནས་ཟླ་4ཚེས་20ཉིན་བར)འབྲི་ཆུའི་ལྷོ་རྒྱུད་དུ་དཔྱིད་ཉམས་ཡོངས་སུ་ཤར་བའི་ཁར་ས་ཆ་མང་པོ་ཞིག་ཏུ་དཔྱིད་ཀའི་གུང་གསེང་དང་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་མཉམ་དུ་འཁེལ་ཡོད་པས་ཕྱི་རོལ་དུ་མཛེས་ལྗོངས་ལ་ལྟ་སྐོར་དང་གཅིག་སྡུད་ཡུལ་སྐོར་བྱེད་པ་དེ་མི་མང་པོ་ཞིག་གི་གདམ་ག་དང་པོར་གྱུར་ཡོད། ཅིང་ཧུའུ་དང་། ཧུའུ་ཉིང་། ཧུའུ་ཁུན། ཧང་ཁྲང་། ཧང་ཧྲེན། ཧུའུ་སུའུ་ཧུའུ་སོགས་མྱུར་བགྲོད་ལྕགས་ལམ་གྱི་ཡུལ་སྐོར་ལམ་ཐིག་མང་པོར་འགྲུལ་རྒྱུན་མང་དུ་ཕྱིན་པ་དང་། ལམ་རྒྱུད་ཀྱི་གྲོང་ཁྱེར་མཛེས་ལྗོངས་ཁུལ་དང་། གནའ་གྲོང་གྲགས་ཅན། གྲོང་འདབས་ཀྱི་གྲོང་གསེབ་བཅས་སུ་ཡུལ་སྐོར་བྱེད་མཁན་མང་པོ་ཡོད། བསྡོམས་རྩིས་གྲངས་གཞི་ལས་མངོན་པར། དཔྱིད་ཀ་ཤར་རྗེས་འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་སུ་འགྲུལ་རྒྱུན་མང་དུ་མངོན་གསལ་དོད་པོས་ཕྱིན་པ་མ་ཟད། གཟའ་མཇུག་དང་གུང་གསེང་རིང་མྱུར་བགྲོད་ལྕགས་ལམ་བསྡད་དེ་ཡུལ་སྐོར་དུ་འགྲོ་མཁན་རྒྱུན་མཐུད་མང་དུ་ཕྱིན་པ་དང་། ལྕགས་ལམ་ལམ་ཐག་ཐུང་འབྲིང་གི་འགྲུལ་སྐྱེལ་ཁྲོམ་རའི་འགྲུལ་བཞུད་ཅུང་འཕར་ནས་དུས་མཚུངས་ལས་5%ཙམ་འཕར་ཡོད། འགྲུལ་རྒྱུན་ཚད་མཐོའི་གཅིག་སྡུད་དང་མཐོ་གནས་འཁོར་སྐྱོད་ཀྱི་རྣམ་པ་དེ་དཔྱིད་ཀའི་སྤྲོ་གསེང་སྐྱེལ་འདྲེན་གྱི་དུས་མཚམས་ཧྲིལ་པོར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།