དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་རྒྱལ་དམངས་དར་མའི་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད་82.3%ཟིན་པ།

    གྲངས་འཛིན་དཔེ་ཀློག་བརྩམས་ཆོས་ཀྱི་བསྡོམས་འབོར་ཁྲི་7000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-23

    ཀྲུང་གོ་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་ཁང་གིས་ཚེས་20ཉིན་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་རྒྱལ་དམངས་དཔེ་ཀློག་བརྟག་དཔྱད་ཐེངས་ཉེར་གསུམ་པའི་འབྲས་བུ་ལས་མངོན་པར། 2025ལོར་རང་རྒྱལ་གྱི་རྒྱལ་དམངས་དར་མའི་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད་82.3%བར་བརྟན་པོ་འཕར་བ་དེ་2024ལོ་ལས་བརྒྱ་ཆའི་གྲངས་0.2འཕར་བ་དང་། མི་རེའི་ཆ་སྙོམས་ཤོག་རིགས་དཔེ་ཀློག་དང་གློག་རྡུལ་དཔེ་ཀློག་བྱེད་ཚད་8.39ཟིན་ཡོད་པ་རེད།

    རང་རྒྱལ་གྱི་རྒྱལ་དམངས་དར་མའི་ཁྲོད་མི་13.5%ཡིས་ལོ་རེར་ཆ་སྙོམས་ཤོག་རིགས་དཔེ་དེབ་10ཡན་ལྟ་ཀློག་བྱེད་ཀྱི་ཡོད་པ་དེ་2024ལོ་ལས་བརྒྱ་ཆའི་གྲངས་0.3འཕར་ཡོད། རྒྱལ་དམངས་དར་མས་ལག་ཐོགས་ཁ་པར་ནས་དཔེ་ཀློག་བྱེད་ཚད་79.0%ཟིན་པ་དེ་2024ལོ་ལས་བརྒྱ་ཆའི་གྲངས་0.3འཕར་ཡོད། རྒྱལ་དམངས་དར་མས་གྲངས་འཛིན་ཅན་གྱི་དཔེ་ཀློག་བྱེད་ཚད་80.8%ཟིན་པ་དང་། མི་དེ་བས་མང་བས་དྲ་ཐོག་ནས་དཔེ་ཀློག་གི་སྒྲ་ཉན་པ་དང་བརྙན་ལམ་ནས་ལྟ་བའི་བསྡུར་ཚད་དེ་2024ལོའི་38.5%དང་5.7%ནས་2025ལོའི་38.7%དང་6.3%བར་སོ་སོར་འཕར་ཡོད།

    རང་རྒྱལ་གྱི་ན་སོ་དར་ལ་མ་བབས་པའི་མིས་དཔེ་ཀློག་བྱེད་ཚད་86.7%ཟིན་པ་དང་། མི་རེའི་ཆ་སྙོམས་དཔེ་ཀློག་བྱེད་ཚད་དེབ་11.72ཟིན་ནས་དམིགས་ཚད་མང་པོ་ཞིག་དར་མའི་ཚོགས་སྤྱི་ལས་ལེགས་པ་བྱུང་སྟེ། གསར་ཐོན་དུས་རབས་ཀྱི་བསམ་པའི་འཚར་ལོངས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་ཡོད།

    གཞན་ཡང་། ཀྲུང་གོ་སྒྲ་བརྙན་དང་གྲངས་འཛིན་དཔེ་སྐྲུན་མཐུན་ཚོཌ་ཀྱིས་ཉིན་དེར་ཁྱབ་བསྒྲཌ་བྱས་པའི《2025ལོའི་ལོ་འཁོར་གྱི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་སྙན་ཞུ》ལས་མངོན་པར། 2025ལོའི་ལོ་མཇུག་བར། རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་བརྩམས་ཆོས་ཀྱི་བསྡོམས་འབོར་ཁྲི་7055.92ཟིན་པ་དེ་དུས་མཚུངས་ལས་11.87%འཕར་ཡོད། དེའི་ནང་ཡིག་སྒྱུར་དང་། ཕྱི་རྒྱལ་གྱི་གསར་རྩོམ། གློག་རྡུལ་དཔེ་དེབ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཕྱི་རྒྱལ་དུ་བཏོན་པའི་བརྩམས་ཆོས(རིགས)སྤྱི་འབོར་ཁྲི་94.92ཟིན་པ་དེ་དུས་མཚུངས་ལས་17.42%འཕར་ཡོད་པ་རེད། 2025ལོར་རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་བྱེད་མཁན་གྱི་གཞི་ཁྱོན་དུང་ཕྱུར་6.89ཟིན་པ་དེ་དུས་མཚུངས་ལས་2.95%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།