“རིག་དཔལ་ཇོ་རི། དམངས་ཡོངས་དཔེ་ཀློག”གི་བྱེད་སྒོ་སྤེལ་བ།

འདི་ནི་ཡིག་གཟུགས་ཉམས་ལེན་ཁུལ་དུ་ཕྲུ་གུ་ཚོས་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་གྱི་སྣེ་ཁྲིད་འོག་ཡིག་གཟུགས་སྦྱོང་བཞིན་པ།

འདི་ནི་ཕྲུ་གུ་ཚོས་མཉམ་གཞས་ལེན་བཞིན་པ།
ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་མུ་ཏིག་མཚེའུ་སྤྱི་གླིང་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་རབ་ཏུ་དོད། 2026ལོའི“རིག་དཔལ་ཇོ་རི། དམངས་ཡོངས་དཔེ་ཀློག”ཅེས་པའི་གཞིས་རྩེ་གྲོང་ཁྱེར་གྱི་དཔེ་ཀློག་མཉམ་སྤྱོད་འདུ་ཚོགས་དེ་གར་གཉེར་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དཔེ་ཀློག་མཉམ་སྤྱོད་བྱེད་པ་ཕུད། ད་དུང་བྱིས་པའི་མཉམ་གཞས་དང་། སྙན་ངག་གྱེར་འདོན། ཡིག་གཟུགས་སྦྱོང་བརྡར་སོགས་ཀྱི་ནང་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ཁྱད་ཆོས་དམིགས་བསལ་ལྡན་པའི་བྱེད་སྒོ་ཡག་པོ་ཞིག་སྤེལ་བ་མ་ཟད། ཡུལ་དངོས་ཀྱི་མང་ཚོགས་ལ་དབྱིངས་ཞུགས་རྣམ་པའི་ཉམས་ལེན་ཁྲོད་དཔེ་ཀློག་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།