དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་དོན་ལས་གྲྭའི་སྤུས་ཚད་བདེ་འཇགས་ཀྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ལྷོ་ཁར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-23

    རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་ཀྱི་ཁྲིམས་སྒྱུར་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ཚེས་21ཉིན་2026ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་དོན་ལས་གྲྭའི་སྤུས་ཚད་བདེ་འཇགས་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ལྷོ་ཁ་གྲོང་ཁྱེར་དུ་དངོས་སུ་གཉེར་བ་རེད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་དང་རྫོང(གྲོང་ཁྱེར་དང་ཆུས)དེ་བཞིན་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་གི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱི་འཐབ་ས་དང་པོའི་ལྟ་འདོམས་པའི་རྐང་འཛིན་པ་120ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    ད་ཐེངས་གསོ་སྦྱོང་གི་དུས་ཡུན་ཉིན་4ཡིན་པ་དང་། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་གཙོ་གཉེར་བྱས་པ། ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། གསོ་སྦྱོང་བྱེད་རིང་ད་དུང་སྤེལ་རེས་དང་ཞིབ་འཇུག་གྲོས་བསྡུར་གྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཏེ་ས་ཁུལ(གྲོང་ཁྱེར)ཁག་དབར་ཉམས་མྱོང་མཉམ་སྤྱོད་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་གིས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་སྤུས་ཚད་བདེ་འཇགས་ལྟ་འདོམས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། མིག་སྔའི་ལྟ་འདོམས་ལས་དོན་ཁྲོད་ཀྱི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ཆེད་དོན་གསོ་སྦྱོང་གི་ནང་དོན་ཁག་11བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་ལས་འཛོལ་ཚབས་ཆེན་གྱི་མི་མངོན་པའི་ཚད་གཞི་གཏན་འཁེལ་བྱེད་ཐབས་འཆད་འགྲེལ་དང་། ཉེན་ཁ་ཆེ་བའི་ལས་གྲྭའི་བདེ་འཇགས་དོ་དམ། ཚད་ཡོད་བར་མཐོངས་ཀྱི་ལས་སྒྲུབ་ལྟ་འདོམས། ཨར་སྐྲུན་གྱི་ལྗིད་འདེགས་འཕྲུལ་འཁོར་གྱི་ཉེན་ཁ་དོ་དམ་ཚོད་འཛིན། མེ་འབྲེལ་ལས་སྒྲུབ་ཀྱི་བདེ་འཇགས་བཀོལ་སྤྱོད་ཕྱོགས་སྟོན། རིག་ལྡན་ཅན་གྱི་ལས་ཡུལ་གྱི་ལྟ་འདོམས་ལས་སྟེགས་དངོས་སྤྱོད་སོགས་གཙོ་གནད་ནང་དོན་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།