ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཆེད་བསྐོས་ཕོ་ཉ་ཧྲ་ལུན་སའེ་དང་མཇལ་འཛོམས་གནང་བ།

ཟླ་4ཚེས་21ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱི་ཆེད་བསྐོས་ཕོ་ཉའི་ངོས་ནས་ཆེད་མངགས་འཚམས་འདྲིར་ཕེབས་པའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཙུང་ལི་གཞོན་པ་ཧྲ་ལུན་སའེ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་21ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱི་ཆེད་བསྐོས་ཕོ་ཉའི་ངོས་ནས་ཆེད་མངགས་འཚམས་འདྲིར་ཕེབས་པའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཙུང་ལི་གཞོན་པ་ཧྲ་ལུན་སའེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ལོ་སི་ཏང་གཉིས་ཀྱིས་ཕན་ཚུན་ཆེད་བསྐོས་ཕོ་ཉ་མངགས་ཏེ་རང་རང་སོ་སོའི་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་བརྡ་ཁྱབ་བཏང་བ་དེ་ཐོག་ནས་ཕྱོགས་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་དང་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་སེམས་མངོན་གྱི་ཡོད། ད་ལོ་ནི་ཀྲུང་ལོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་དང“ཀྲུང་ལོའི་མཛའ་གྲོགས་ལོ”རེད། མི་རིང་བའི་གོང་། ངས་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་དང་འཕྲིན་ཡིག་གཏོང་རེས་བྱས་ནས། ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་གྱིས་གཙོས་པའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལོ་སི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱིས་འགག་སྒྲོལ་དཀའ་སེལ་ཐུབ་པ་དང་། དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བརྟན་པོ་དང་ཡག་པོ་བསྐྱོད་དེ། ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་ལོ་ཕྱོགས་གཉིས་པོས“ཡིག་འབྲུ་བཅུ་དྲུག”གི་མཛད་ཕྱོགས་དང“ཡག་པོ་བཞིའི”དགོངས་དོན་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཟབ་ཏུ་གཏོང་བ། འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་བྱེད་པ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། ལག་གདང་སྦྲེལ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ། ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་གསར་པ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བརྟན་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
ཧྲ་ལུན་སའེ་ཡིས་ཐུང་ལུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བྲིས་གནང་བའི་ཕྱག་ཡིག་བརྒྱུད་སྤྲོད་གནང་བ་དང་། ལོ་སི་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་ཞུས་པ། ཀྲུང་གོས་བདེ་འཇགས་དང་བརྟན་ལྷིང་གི་རྒྱལ་ནང་གི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་ཡུན་རིང་རྒྱུན་འཁྱོངས་བྱས་པ་དང་། རྒྱུན་མཐུད་དང་མགྱོགས་མྱུར་འཕར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་འདུག་ཅེས་གསུངས་པ་མ་ཟད། ལོ་སི་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་སྟེ་ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ཀྱང་གསུངས་པ་རེད།
ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།