དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

    གནད་དོན་འབྱུང་རྩ་བཙལ་འཚོལ་གནད་སྨིན་ཐུབ། བཅོས་སྒྲིག་གྲུབ་འབྲས་དམངས་ཀྱི་བློ་ལ་བབས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-22

    མིག་སྔར། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཉིན་ཤས་བསྟུད་མར། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། གནད་དོན་འཚོལ་བཤེར་ནན་ཏན་བྱེད་པ། དག་ཐེར་བཅོས་སྒྲིག་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་ཏན་ཏིག་འགྱུར་བར་བྱས་ཡོད།

    ཚད་གཞི་དང་ཡང་ཡང་བསྡུར་ནས་ལྟ་བཤེར་གཏིང་ཟབ་བྱས་པ།

    ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཡོན་ལས་བྱེད་པས་སྲིད་དོན་ལས་རྗེས་ལྟ་བའི་ཐད་ལྷག་པའི་གནད་དོན་བཙལ་འཚོལ་གཏིང་ཟབ་བྱས་ཏེ་ཏང་གཤིས་ཐད་ནས་ཧེ་བག་འཚོལ་བ་དང་། འབྱུང་རྩ་འཚོལ་བ། བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་བཀོད་སྒྲིག་དང་ལོ་འཁོར་གྱི་ལས་འགན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་འགག་གནད་དང་། དམངས་འཚོའི་དཀའ་གནད། ལས་ཀའི་དཀའ་གནད་བཅས་ལ་དམིགས་ནས་རང་བཤེར་རང་བཅོས་དང་། མང་ཚོགས་ཀྱིས་བསམ་འཆར་འདོན་པ། གོང་རིམ་གྱིས་གནད་དོན་འདོན་པ། ཕན་ཚུན་རོགས་རམ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་གནད་སྨིན་ལྟ་བཤེར་བྱས་ཏེ་གནད་དོན་བཙལ་འཚོལ་གནད་སྨིན་དང་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད།

    པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་གནད་དོན་བཤེར་འདོན་བྱས་པ་མ་ཟད། གནད་དོན་ཁག་8དང་ཞིབ་ཕྲའི་མཚོན་ཚུལ་གསལ་ཐོ་25གྲུབ་ནས་ཏང་ཡོན་ལས་བྱེད་པས་བཤེར་འདོན་གཏིང་ཟབ་བྱེད་པར་སྣེ་ཁྲིད་བྱས་ཤིང་། དེ་དང་ཆབས་ཅིག དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་བསྡུ་རུབ་དང་། དཔེ་སྟོན་སྣེ་ཁྲིད་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ། ཏང་ཡོན་ལས་བྱེད་པའི་ཏང་གཤིས་གོ་རྟོགས་མཐོ་རུ་གཏོང་བར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཞིག་བཏོད་ཡོད།

    ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པའི་ཏང་ཙུའུ་ཡིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ《ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》སློབ་སྦྱོང་གཏིང་ཟབ་བྱས་པ་དང་། 《གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་སྤྱོད་གཙང་ལས་སྒྲུབ་ཀྱི་གཏན་འབེབས》དང《ཀྲུང་དབྱང་ཁེ་ལས་ཀྱི་སྒྲིག་འགལ་གཉེར་སྐྱོང་མ་འཇོག་གི་འགན་འཁྲི་བདའ་འདེད་ལག་བསྟར་བྱ་ཐབས》དང་ཟུང་འབྲེལ་བྱས་ནས་ཆེད་དོན་བགྲོ་གླེང་བྱས་པ་མ་ཟད། ཏང་ཡོན་ལས་བྱེད་པས་རང་ཉིད་དང་ཟུང་འབྲེལ་དང་། ལས་དོན་དང་ཟུང་འབྲེལ། འགན་འཁྲི་དང་ཟུང་འབྲེལ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་སྲིད་དོན་ལས་རྗེས་ཀྱི་ཚད་ཤིང་བརྟན་དུ་བཏང་ཡོད།

    དངོས་འཛིན་བཙན་འཐབ་ཀྱིས་དངོས་ཞིབ་དངོས་བཅོས་བྱས་པ།

    ཉིན་ཤས་བསྟུད་མར་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་གྲི་དངོ་རང་གཏད་མཐའ་འཁྱོངས་བྱས་ཏེ་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་ཀྱི་གནད་དོན་ཞིབ་བཤེར་བྱེད་ཀྱིན་བཅོས་སྒྲིག་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་པ་མ་ཟད། མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་ནས་དག་ཐེར་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།

    སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཀྲའོ་ཧྭ་ཆུས་ཀྱིས་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད“འཐབ་ས་དང་པོར་ཡོ་བསྲང་བྱེད་པའི”ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་མ་ཟད། ཆེད་དོན་ཚོགས་ཆུང་བཙུགས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག དམངས་འཚོའི་དོན་དངོས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བཅའ་སྡོད་བརྟག་ཞིབ་བྱས་པ་དང་གཅིག་སྡུད་བཅོས་སྒྲིག་གི་རྩིས་ཁྲ་བཟོས་ཤིང་། ཆེད་དོན་ཚོགས་ཆུང་གིས་བརྒྱུད་རིམ་ཧྲིལ་པོར་རྗེས་བསྙེགས་དང་། རེ་རེ་བཞིན་ཞིབ་དཔྱད། རིམ་བཞིན་ཐོ་བསུབ་པ་བཅས་བྱས་ཏེ། སྲིད་དོན་ཡོངས་བསྒྲགས་སོགས་ཀྱི་དྲ་ཐོག་ལས་སྟེགས་བརྒྱུད་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དག་ཐེར་བྱས་ཚུལ་ལ་རང་འགུལ་ངང་ལན་བཏབ་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    ཁྲུང་ཆིང་གྲོང་ཁྱེར་ལེང་ཕིང་ཆུས་ཀྱིས་རྣམ་གྲངས་འདུ་འགོད་དང་། ནོར་སྲིད་ཀྱི་ཉེན་ཁ། རྩིས་བཤེར་དག་ཐེར། གྲངས་གཞི་རྫུན་བཟོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཆེད་དོན་ཚན་ཁག་ལ་ཆེད་དོན་སྐུལ་འདེད་བཏང་སྟེ“དག་ཐེར་བཅོས་སྒྲིག་དང་། དག་ཐེར་བྱས་ནས་ཐོ་བསུབ་པ། སྒྲིག་སྲོལ་ལམ་ལུགས་འཛུགས་པ”བཅས་ཀྱི་དོ་དམ་ལམ་སྲོལ་བཙུགས་ཏེ་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཏང་ཨུད་ཀྱིས་ཞིབ་བཤེར་བྱེད་ཀྱིན་དག་ཐེར་དང་འཕྲལ་སྒྲུབ་འཕྲལ་བཅོས་མཐའ་འཁྱོངས་བྱས་ཏེ་འཕྲལ་དུ་བཅོས་སྒྲིག་བྱེད་དགོས་པའི་གནད་དོན་འཕྲལ་མར་བཅོས་སྒྲིག་དང་བཅོས་སྒྲིག་དཀའ་བའི་གནད་དོན་ལ་བཅོས་སྒྲིག་ཀྱི་བྱེད་ཐབས་དང་དུས་ཚོད་རེའུ་མིག་ཁ་གསལ་བཟོས་ཡོད། གཞི་རིམ་ཚན་པ་ཁག་གི་དོ་དམ་བྱེད་ཐབས་ཞིབ་ཚགས་མེད་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་ཐབས་ལམ་ཁོ་ནར་བརྟེན་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ“གནད་དོན་དང་། འགན་འཁྲི། དག་ཐེར”བཅས་ཀྱི་གསལ་ཐོ་གསུམ་བཟོས་ནས་དག་ཐེར་དོན་འཁྱོལ་བྱས་ཡོད།

    སློབ་བརྟེན་ལས་སྐུལ་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ།

    ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར། དམངས་འཚོའི་དོན་དངོས་ཁག་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་དངོས་སྒྲུབ་དངོས་ཕན་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་བསྒྲུབས་ཡོད།

    བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་གིས“མེ་ཏོག་རྫོང་གི་བྱ་གཞག་འཕྲལ་དུ་སྒྲུབ། དམངས་འདོད་བྱ་བཟང་སྒྲུབ་ལ་འབད”ཅེས་པའི་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས“མང་ཚོགས་ཀྱིས་གནད་དོན་འདོན་པ་དང་། བསྡུ་རུབ་བརྡར་གཅོད། རྗེས་སྙེག་དོན་འཁྱོལ”བཅས་ཀྱི་ལམ་སྲོལ་བཙུགས་པ་མ་ཟད། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་བྱས་ཏེ་ལོ་འཁོར་གྱི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་གསལ་ཐོ་བཟོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་བཏོན་པ། རྫོང་དང་ཤང་རིམ་པ་གཉིས་ཀྱི་ལས་བྱེད་པ་རང་འགུལ་ངང་གཤམ་སྐྱོད་དང་གཞི་རིམ་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དེ་བས་མང་བ་ཐག་གཅོད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད།

    ཅང་སུའུ་ཞིང་ཆེན་པིན་ཧའེ་རྫོང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ“གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་ལག་བསྟར་གཏིང་ཟབ་དང་། “ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པ”དང་། ཁེ་ལས་དང་འབྲེལ་བའི་ཞབས་ཞུ། དམངས་འཚོའི་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་སྒྲུབ་གཉེར་བྱ་བ་ཉམས་ལེན་ཐུབ་པ། གནད་དོན་རེ་རེ་བཞིན་བཤེར་འདོན་བྱེད་པ། དཔྱད་གཞི་རྙོག་འཛིང་ཆེ་བ་དང་མ་ལག་ཤར་གཏོང་མི་ཐུབ་པ་སོགས་ཀྱི་གནད་དོན་ས་གནས་ས་ཐོག་ཏུ་བསྒྲུབ་རྒྱུར་སྐུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།