དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲངས་འཛིན་དང་རིག་ནུས་ཐོན་རྫས་ནི་འཛད་ཟོག་རྙིང་པ་གསར་པར་བརྗེ་མང་ཤོས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-22

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཚོང་དོན་པུའུ་ཡི་རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་བའི་ཆ་འཕྲིན་མ་ལག་གི་གྲངས་གཞིར་གཞིགས་ན། ཟླ་4ཚེས་16ཉིན་བར། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཁྲི་4243.3ཉོས་པ་དེ་དུས་མཚུངས་ལས་31.7%འཕར་བ་དང་། ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1261.53ཟིན་པ་དེ་དུས་མཚུངས་ལས་36.4%འཕར་བའི་ནང་ལག་ཐོགས་ཁ་པར་ཕྱིར་ཚོང་གིས་བཟུང་བའི་བསྡུར་ཚད་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་ཟིན་ནས“ཐོན་རྫས་འབྲིང་གྲས་དང་ལེགས་གྲས་སུ་རིམ་སྤོར་དང་འཛད་སྤྱོད་གྲུབ་ཆ་ལེགས་སུ་འགྲོ་བའི”རྣམ་པ་མངོན་ཡོད།

    འདི་ལོ་ཚུན། ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཉོ་སྒྲུབ་ཀྱི་ཁ་གསབ་སྤྲོད་ཁོངས་རྒྱ་ཆེར་བཏང་ནས། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་བའི་ཁ་གསབ་ཏུ་འགྱུར་ཡོད་པ་དང་། རིག་ནུས་མིག་ཤེལ་ཁ་གསབ་སྤྲོད་ཁོངས་སུ་ཐོག་མར་བཅུག་པས། འཕྲིན་གཏོང་ཡོ་བྱད་རིགས་ཀྱི་ཚོང་ཟོག་སིལ་ཚོང་བྱེད་ཚད་མགྱོགས་མྱུར་འཕར་བར་སྐུལ་ཁྲིད་ཐུབ་ཡོད། ཟླ་4པའི་ཟླ་དཀྱིལ་བར། རང་རྒྱལ་གྱིས་བཟོས་པའི་རིག་ནུས་མིག་ཤེལ་གྱི་སྤུས་རྟགས་ཁག་16ཐོན་རྫས་གསར་པ་ཉོ་བར་ཁ་གསབ་སྤྲོད་པའི་སྲིད་ཇུས་ནང་ཞུཌ་པས་གཙོ་གནད་ཁེ་ལས་ཀྱི་ཕྱིར་ཚོང་བྱེད་ཚད་དང་ཕྱིར་ཚོང་དངུལ་འབོར་ལ་སྐུལ་ཁྲིད་ཐུབ་པ་དེ་དུས་མཚུངས་ལས་42.4%དང་46.8%སོ་སོར་འཕར་ཡོད།

    ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་བའི་ཁ་གསབ་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག འདི་ལོའི་ཟླ་དང་པོ་ནས་གསུམ་པ་བར། བཅད་གྲངས་ཡན་གྱི་ཚན་པའི་འཕྲིན་གཏོང་ཡོ་བྱད་རིགས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་2840ཟིན་པ་དེ་དུས་མཚུངས་ལས་20.8%འཕར་བ་དང་། དེ་དུས་མཚུངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་འཕར་ཚད་ལས་བརྒྱ་ཆའི་གྲངས་18.4ཡིས་མཐོ་བ་ཡོད་པ་དང་ཚོང་ཟོག་རིགས་16ཁྲོད་ཨང་དང་པོར་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།