དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནོར་དོན་རྫུན་བཟོ་འགོག་ཟོན་གྱི་འཛིང་རགས་དང་པོ་བརྟན་པོ་སྐྲུན་ཆེད།

    ཁྲོམ་ཞུགས་ཀུང་སི་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-22

    གསར་དུ་བཟོ་བཅོས་བརྒྱབ་པའི《ཁྲོམ་ཞུགས་ཀུང་སི་བཅོས་སྒྲིག་ཚད་གཞི》སོགས་ལམ་ལུགས་དང་སྒྲིག་སྲོལ་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་ནོར་དོན་རྫུན་བཟོ་འགོག་ཟོན་གྱི་འཛིང་རགས་དང་པོ་བརྟན་པོ་སྐྲུན་ཆེད། དངུལ་འཛིན་ལྟ་འདོམས་ཁང་གིས་ཟླ་4པ་ནས་བཟུང་ཁྲོམ་ཞུགས་ཀུང་སི་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་མ་རྩའི་ཁྲོམ་རས་ཀུང་སི་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་བཏོན་ཏེ། ཞུགས་མཁན་ཕྱོགས་ཁག་གིས་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་ཕན་ཚུན་དོ་སྙོམས་ཡོང་བར་བྱས་ནས་ཁེ་ལས་ལ་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འགོད་རོགས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱ་ཆེད་རེད།

    བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལ་ནང་དོན་ཁག་བརྒྱད་ཡོད་དེ། གཅིག་ནས་ཏུང་ཧྲི་ལྷན་ཚོགས་ཀྱི་དྲུང་ཡིག་གི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས་ཤིང་། 《ཁྲོམ་ཞུགས་ཀུང་སིའི་ཏུང་ཧྲི་ལྷན་ཚོགས་ཀྱི་དྲུང་ཡིག་གི་ལྟ་འདོམས་སྒྲིག་སྲོལ》བཟོས་ནས་ཁྱབ་བསྒྲགས་བྱེད་པ་དང་། ཏུང་ཧྲི་ལྷན་ཚོགས་ཀྱི་དྲུང་ཡིག་གི་གོ་གནས་ཡུན་རིང་སྟོང་པར་ལུས་པའི་ཀུང་སིས་དུས་ཐོག་ཏུ་འོས་མི་འདེམས་པར་ལྟ་སྐུལ་བྱས་ནས་བླང་བྱ་དང་མི་མཐུན་པའི་རིགས་ཁྲིམས་ལྟར་བརྗེ་པོ་རྒྱག་དགོས་པ་དང་། གཉིས་ནས་ཕྱོགས་གསུམ་པས་མིང་བཏོན་ཏེ་རང་བརྟེན་ལས་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཤིང་། མ་འཇོག་པའི་ཞབས་ཞུ་ལྟེ་གནས་ཀྱིས་ཡོངས་བསྒྲགས་ངང་བསྡུ་རུབ་དང་མཉམ་འབྲེལ་ཐོག་དབང་ཆ་སྤྱོད་པའི་བྱེད་ཐབས་བརྒྱུད་ཡོངས་བསྒྲགས་ངང་མིང་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་སློང་ཐེབས་རྩའི་དོ་དམ་པ་ཞུགས་པར་སྐུལ་ལྕག་བྱེད་དགོས། གསུམ་ནས་རྩིས་བཤེར་ཨུ་ལྷན་གྱིས་ཆེད་དོན་ཞིབ་བཤེར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཤིང་། ལོ་རེའི་སྙན་ཞུ་དང་ནོར་དོན་གྱི་དོགས་གནད་སོགས་ལ་དམ་པོར་དམིགས་དགོས། བཞི་ནས་རྫུན་བཟོའི་ཀུང་སིས་ཚད་ལས་བརྒལ་ནས་སྤྲད་པའི་མཐོ་རིམ་དོ་དམ་པའི་བྱས་འབྲས་གླ་ཆ་འདེད་ལེན་ལ་ལྟ་སྐུལ་བྱེད་དགོས་ཤིང་། ཁྲོམ་ཞུགས་ཀུང་སིས་ནང་ཁུལ་གྱི་གླ་ཕོགས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ལྟ་སྐུལ་དང་། ནོར་དོན་རྫུན་བཟོ་བྱས་པ་མ་ཟད་གླ་ཕོགས་དང་བྱས་འབྲས་འབྲེལ་བ་ཡོད་པའི་ཁྲོམ་ཞུགས་ཀུང་སིར་བྱས་འབྲས་རྫུན་མར་གཞིགས་ནས་དེ་བསྟུན་གྱི་ཚད་བརྒལ་ངང་སྤྲད་པའི་མཐོ་རིམ་དོ་དམ་པའི་གླ་ཕོགས་འདེད་ལེན་ལ་ལྟ་སྐུལ་བྱེད་དགོས། ལྔ་ནས་རྐང་བདག་ཆེན་པོས་བཟུང་སྤྱོད་བྱས་པའི་མ་དངུལ་ཕྱིར་སློག་པར་ལྟ་སྐུལ་བྱེད་དགོས་ཤིང་། ཆད་པ་ནན་པོ་གཅོད་པ་དང་ཆབས་ཅིག་ཏུང་ཧྲི་ལྷན་ཚོགས་དང་། རྩིས་བཤེར་ཨུ་ཡོན་ལྷན་ཁང་། མ་རྐང་འཇོག་མཁན་གལ་ཆེན་གཞན་དག་བཅས་ཀྱིས་དམངས་དོན་སྐྱིན་ཚབ་བདའ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ནས་ཀུང་སིའི་ཁེ་ཕན་སྲུང་སྐྱོང་ཧུར་ཐག་བྱེད་དགོས། དྲུག་ནས་མ་འཇོག་པའི་ཞབས་ཞུ་ལྟེ་གནས་ཀྱིས་མ་རྐང་འཛིན་དབང་སྤྱོད་པར་རྒྱབ་སྐྱོར་བྱེད་དགོས། བདུན་ནས་ཆ་རྐྱེན་འཛོམས་པའི་ཁྲོམ་ཞུགས་ཀུང་སིས་ལས་སྒོ་དང་ནོར་དོན་མ་ལག་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པར་ཁྲིད་སྟོན་བྱེད་དགོས། བརྒྱད་ནས《ཁྲོམ་ཞུགས་ཀུང་སི་བཅོས་སྒྲིག་ཚད་གཞིའི》གསོ་སྦྱོང་སྒྲིག་འཛུགས་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།