གློག་གསོག་འབོ་དང་། གློག་སྒུལ་རྐང་འཁོར། འབར་རླངས་ཐབ་ཆས་སོགས་ལ་དམིགས་པ།
ཆེད་དོན་བྱ་སྤྱོད་སྤེལ་ནས་CCCཁས་ལེན་དཔང་འདོན་གྱི་ལྟ་འདོམས་ནན་དུ་གཏོང་རྒྱུ་ཡིན་པ།
ཉེ་དུས། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་CCCཁས་ལེན་དཔང་འདོན་གྱི་མཐའ་ཚད་སྲུང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཏེ། རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་CCCཁས་ལེན་དཔང་འདོན་དོ་དམ་སྔར་བས་ནན་དུ་གཏོང་བ་དང་། CCCཁས་ལེན་དཔང་འདོན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས། ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ཡོད།
ཆེད་དོན་བྱ་སྤྱོད་ཀྱིས་དམིགས་གཏན་འཁེལ་བའི་ཁས་ལེན་དཔང་འདོན་སྒྲིག་གཞིར་ཡོངས་ཁྱབ་ཀྱི་ལྟ་སྐུལ་ཞིབ་བཤེར་བྱས་ནས་གློག་གསོག་འབོ་དང་། གློག་སྒུལ་རྐང་འཁོར། འབར་རླངས་ཐབ་ཆས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་འཐེན་བཤེར་བྱས་ཡོད། CCCཁས་ལེན་དཔང་འདོན་གྱི་མཚོན་རྟགས་ཚོད་ལྟའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། CCCཁས་ལེན་དཔང་འདོན་གྱི་མཚོན་རྟགས་རྫུན་མར་གནད་སྨིན་རྡུང་རྡེག་བཏང་ནས་ཐོན་རྫས་ཀྱི་སྤུས་ཚད་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་རེད།
དེ་དང་ཆབས་ཅིག་སྒྲིག་གཞིའི་འགན་འཁྲི་ནན་དུ་བཏང་ནས། ཁས་ལེན་དཔང་འདོན་སྒྲིག་གཞིའི་བཟོ་གྲྭའི་ཞིབ་བཤེར་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་CCCཁས་ལེན་དཔང་འདོན་གྱི་ཐོན་རྫས་ཚད་མ་ལོན་རིགས་ལ“གྱོད་གཅིག་ཉིས་བཤེར”ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཁེ་ལས་ཀྱི་འགན་འཁྲི་ནན་དུ་བཏང་ནས་ཚད་ལྡན་ཚོད་ལྟའི་དངོས་དཔེར་དཔེ་འཐེན་དང་ཞིབ་བཤེར་ཚད་ལེན་བྱས་ཏེ། ལས་སྟེགས་ཁེ་ལས་ཀྱིས་དྲ་འཚོང་གི་ལག་ཁྱེར་རག་པའི་ཐོན་རྫས་ལ་དྲ་སྦྲེལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། གཏོགས་ཁོངས་ཀྱི་ལྟ་འདོམས་འགན་འཁྲི་ནན་དུ་བཏང་སྟེ་ས་གནས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ལག་ཁྱེར་མེད་པའི་ཐོན་རྫས་རིགས་བཟོ་གྲྭ་ནས་བཙོངས་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།