དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཨ་རག་དཀར་པོ་རྫུན་མ་བཟོས་ནས་ཚོང་མཁན་དྲ་རྒྱའི་ལས་སྟེགས་ཆེན་པོ་ཞིག་རྩ་མེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-22

    ཉེ་དུས། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་གཅིག་གྱུར་མཐུན་སྦྱོར་འོག ཧྲན་ཤིས་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ཁྲོམ་ར་ལྟ་འདོམས་དང་སྤྱི་བདེ་སྡེ་ཚན་གྱིས་མཉམ་དུ་བྱ་སྤྱོད་སྤེལ་ནས་ཚོང་རྟགས་ཀྱི་ཁེ་དབང་ལ་བཙན་གནོད་གཏོང་བ་དང་ཨ་རག་དཀར་པོ་རྫུན་མ་བཟོས་ནས་འཚོང་བའི་ཁྲིམས་འགལ་ཉེས་གསོག་གི་དྲ་རྒྱའི་ལས་སྟེགས་ཆེན་པོ་ཞིག་གྲུབ་འབྲས་ཐོབ་པའི་ངང་རྩ་མེད་བཏང་བ་རེད།

    ད་ཐེངས་ཀྱི་བྱ་སྤྱོད་ནང་ཧྲན་ཤིས་ཞིང་ཆེན་ལུའེ་ལེང་གྲོང་ཁྱེར་དང་ཐའེ་ཡོན་གྲོང་ཁྱེར་རྒྱུད་ཀྱི་འབྲེལ་ཡོད་ཁྲིམས་འགལ་ཐོན་རྫས་ཐོན་སྐྱེད་དང་། སྦས་སྐུང་། ཐུམ་རྒྱག་པ། ཚོང་རྟགས་པར་འདེབས། སྦྲག་ཐོག་བསྐུར་ས་བཅས་7དང་དེ་བཞིན་དྲ་རྒྱའི་ཐད་གཏོང་ཕྱིར་ཚོང་ས་ཚིགས་1རྩད་ཆོད་པ་མ་ཟད། ད་དུང་ཁེ་དབང་ལ་བཙན་གནོད་བཏང་བའི་དོགས་གཞི་ཡོད་པའི་ཨ་རག་དཀར་པོ་རྫུན་མ་སྒམ་ཁྲི་2རྩད་ཆོད་པ་རེད། མིག་སྔའི་བར་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་2.6རྩད་ཆོད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་མི་22འབོད་འགུགས་བྱས་པ་དང་མི་11ལ་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པའི་ནང་མི་2ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད།

    2024ལོ་དང་2025ལོར། རྒྱལ་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲིམས་འགལ་གཉེར་སྐྱོང་དངུལ་གྲངས་སྒོར་ཁྲི་1000ལས་བརྒལ་བའི་ཚོང་རྟགས་ཀྱི་ཁེ་དབང་ལ་བཙན་གནོད་བཏང་བའི་གྱོད་གཞི་30ལྷག་ཙམ་དང་སྒོར་དུང་ཕྱུར་1ལས་བརྒལ་བའི་གྱོད་གཞི་11ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།