དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཀྲོའུ་ཚོང་འདུས་སྐབས་139པའི་དུས་ཐེངས་དང་པོ་མཇུག་འགྲིལ་བ།

    ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་16.7ཚོང་འདུས་ལ་ཞུགས་པ་དེ་དུས་མཚུངས་ལས་5.9%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-22

    ཟླ་4ཚེས་19ཉིན། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་139པའི་དུས་ཐེངས་དང་པོ་དངོས་སུ་མཇུག་འགྲིལ་བ་རེད། གསར་འགོད་པས་ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་4ཚེས་19ཉིན་གྱི་ཆུ་ཚོད་17པའི་བར། ད་ཐེངས་ཀྱི་ཀོང་ཀྲོའུ་ཚོང་འདུས་ལ་རྒྱལ་ཁབ་དང་ས་ཁུལ་216ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་16.7ཞུགས་པ་དེ་སྐབས་གོང་མའི་དུས་མཚུངས་ལས་5.9%འཕར་ཡོད་པ་རེད།

    ཀོང་ཀྲོའུ་ཚོང་འདུས་སྐབས་139པའི་དུས་ཐེངས་དང་པོ་དེ་ཟླ་4ཚེས་15ཉིན་ནས་ཚེས་19ཉིན་བར་འཚོགས་པ་དང་། “སྔོན་ཐོན་བཟོ་སྐྲུན”བརྗོད་དོན་གཙོ་བོར་བྱས་ནས་འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་52དང་། འགྲེམས་གནས་ཁྲི་2.5ལྷག་ཙམ་ཟིན་པ། འགྲེམས་སྟོན་ལ་ཞུགས་མཁན་ཁེ་ལས་ཁྲི་1.2ལྷག་ཙམ་ཟིན་ཡོད་པ་རེད། འགྲེམས་སྟོན་ནང་གློག་རྡུལ་ཁྱིམ་སྤྱོད་གློག་ཆས་དང་། བཟོ་ལས་བཟོ་སྐྲུན། གློག་སྒྲོན་གློག་ཤུགས། ལྕགས་རིགས་ཡོ་བྱད། འཁོར་རིགས། འཁོར་གཉིས་རླངས་འཁོར་སོགས་རིགས་ཆེ་གྲས་ལྔའི་འགྲེམས་ཁུལ་19ཚུད་ཡོད་པ་དང་སྤུས་ལེགས་ཁེ་ལས་5900ལྷག་ཙམ་གཅིག་སྡུད་བྱས་ཡོད་པ་རེད། འགྲེམས་སྟོན་བྱེད་རིང་། ཕྱི་རྒྱལ་གྱི་བཟོ་ཚོང་ཁེ་ལས་ཁྱོན་123ཚོགས་པ་བསྒྲིགས་ནས་ཚོང་འདུས་ལ་ཞུགས་པ་དེ་སྐབས་གོང་མའི་དུས་མཚུངས་ལས་4.2%འཕར་ཡོད་པ་རེད།

    འགྲེམས་སྟོན་གྱི་ནང་དོན་ནི“གསར་པ། ལྗང་མདོག བློ་རིག”བཅས་ཀྱི་འཕེལ་ཕྱོགས་ལ་དམ་པོར་དམིགས་པ་དང་གསར་དར་ཀ་རྟེན་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ལ་དམིགས་ཏེ་གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཀྱི་དགོས་མཁོ་གསར་པ་དང་འབྲེལ་མཐུད་གནད་སྨིན་བྱས་པ་དེ་ཡིན་ཞིང་། ཞབས་ཞུའི་འཕྲུལ་མི་དང་། བློ་རིག་འཚོ་བ། བཟོ་ལས་རང་འགུལ་ཅན། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་བརྗོད་བྱ་ཀུན་གྱིས་དོ་སྣང་བྱེད་པའི་ནང་དོན་གྱི་རྨང་གཞིའི་ཐོག་མི་མེད་གནམ་གྲུ(འཛད་སྤྱོད་རིམ་པ)དང་། རིག་ནུས་གྱོན་ཆས། འཆར་ཆས་ལག་རྩལ། ཞིང་སྤྱོད་མི་མེད་གནམ་གྲུ་སོགས་ཆེད་དོན་ཁུལ་ཆེན་པོ་བཞི་གསར་དུ་བཙུགས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།