དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞའོ་ལང་ཏི་ཆུ་མཛོད་ཁུལ་གྱི་ཡུལ་སྐོར་ཆུ་ལམ་དུ་གྲུ་གཟིངས་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-22

    ཟླ་4ཚེས་18ཉིན། ཞའོ་ལང་ཏི་ཆུ་མཛོད་ཁུལ་གྱི་ཆུ་ངོགས་ལྷོ་བྱང་གཉིས་ཀྱི་ཡུལ་སྐོར་ཆུ་ལམ་དུ་གྲུ་གཟིངས་ཤར་གཏོང་ཐུབ་པའི་མཛད་སྒོ་ཧོ་ནན་ལུའོ་དབྱང་གྲོང་ཁྱེར་ཞའོ་ལང་ཏི་ལྟེ་བའི་གྲུ་ཁར་གཉེར་ཞིང་། ལུའོ་དབྱང་དང་ཅི་ཡོན་ནས་ཡོང་བའི་གྲུ་གཟིངས་མང་པོ་ཞིག་གིས་ཡུལ་སྐོར་བ་ཁག་དང་པོ་བླུགས་ཏེ་སྐྱོད་འགོ་ཚུགས་པ་རེད། ལུའོ་དབྱང་གྲོང་ཁྱེར་དང་ཅི་ཡོན་གྲོང་ཁྱེར་གྱི“ཆུ་མོ་གཅིག་གིས་ཆོད་པའི་ས་འབྲེལ་ཁྱིམ་མཚེས”ཀྱི་ས་བབ་ལེགས་ཆར་བརྟེན་ནས་རིག་གནས་ཡུལ་སྐོར་མཉམ་དར་དང་ཐོན་ལས་མཉམ་འཕེལ་གྱི་འཕེལ་རྒྱས་ལེགས་ཆར་མྱུར་བར་སྒྱུར་བཞིན་ཡོད། འདི་ནི་གྲུ་གཟིངས་ཤར་གཏོང་ཐུབ་པའི་ཉིན་མོར། ཡུལ་སྐོར་བས་གྲུ་གཟིངས་ལ་བསྡད་དེ་ལུའོ་དབྱང་གྲོང་ཁྱེར་ཞའོ་ལང་ཏི་ལྟེ་བའི་གྲུ་ཁ་ནས་ཅི་ཡོན་གྲོང་ཁྱེར་རྨ་ཆུའི་འགག་གསུམ་མཛེས་ལྗོངས་ཁུལ་དུ་སྐྱོད་རྩིས་བྱེད་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།