དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གཏམ་རྒྱུད་འདུ་ཚོགས”ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-22

    ཚེས་18ཉིན། “ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གཏམ་རྒྱུད་འདུ་ཚོགས”ཀྱི་སྤེལ་རེས་བྱེད་སྒོ་ལོ་སིའི་ཝན་ཐེན་དུ་སྤེལ་བ་རེད། བྱེད་སྒོ་དེས“ལམ་ཐིག་རྩེ་གྲ་བཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ”བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་འབྲེལ་ཡོད་སྒྲིག་གཞིའི་འགན་འཁུར་བ་དང་། ཁེ་ལས་ཀྱི་འཐུས་མི། སྨྱན་སྦྱོར་གསར་འགོད་པ། རིགས་གཅིག་མཁས་ཅན་དང་མཁས་དབང་། ལྕགས་ལམ་ལས་བཟོ་བཅས་ཀྱིས་གསོན་ཉམས་དོད་པའི་གཏམ་རྒྱུད་ཐོག་ནས་ཀྲུང་གོ་དང་ལོ་སི་ལྕགས་ལམ་ལས་བྱུང་བའི་འཕེལ་རྒྱས་དང་འཕོ་འགྱུར་བརྗོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤེལ་རེས་བྱེད་སྒོ་དེ་ནི་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་དང“ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ལོའི”བྱེད་སྒོ་རབ་དང་རིམ་པའི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏང་ཙུའི་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ། ལོ་སི་དང་ཀྲུང་གོའི་ལྕགས་ལམ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ་ཞིག་རེད།

    ཚོགས་ཞུགས་མི་སྣས། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་གཏམ་རྒྱུད་བརྒྱུད་བསྒྲགས་བྱེད་མཁན་དང་། གཟུགས་བརྙན་སྲུང་སྐྱོང་བྱེད་མཁན། ལོ་རྒྱུས་ཟིན་ཐོར་འགོད་མཁན་བཅས་ཡག་པོ་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི“གསེར་གྱི་བྱང་བུའི”སྙན་གྲགས་དེ་བས་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།