དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་ལས་ང་ཚོར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཐོབ་རྒྱུ་རེད”

    《ཧ་སག་སི་ཐན་ཁེ་ལས་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁོར་རུའུ་མུའུ་པཱ་ཡེ་ཧྥུའུ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཆང་།   |     སྤེལ་དུས།  2026-04-22

    “ད་ལོ་ནི་ཀྲུང་གོའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་འགོ་ཚུགས་ལོ་ཡིན་ཞིང་། འཆར་འགོད་དེའི་དམིགས་ཡུལ་ནི་2026ལོ་ནས་2030ལོ་བར་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། དམངས་འཚོ་ལེགས་གཏོང་། ལྗང་མདོག་ཕྱོགས་སྒྱུར། སྤྱི་ཚོགས་འགན་སྲུང་སོགས་ལ་དམིགས་ཚད་གཏན་འཁེལ་བྱ་རྒྱུ་དེ་རེད” 《ཧ་སག་སི་ཐན་ཁེ་ལས་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞེ་ལི་ཁེ·ཁོར་རུའུ་མུའུ་པཱ་ཡེ་ཧྥུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་ཀྲུང་གོའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། ང་ཚོ་ཚང་མ་དང་ཡང་འབྲེལ་བ་ཡོད”ཅེས་བརྗོད་པ་རེད།

    ཁོར་རུའུ་མུའུ་པཱ་ཡེ་ཧྥུའུ་ཡིས“ཧ་སག་སི་ཐན་ཚུད་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཁག་ལ་དོན་སྙིང་གལ་ཆེན་ལྡན་ཡོད། གང་ལགས་ཤེ་ན། ཀྲུང་གོ་ནི་ང་ཚོའི་རོགས་ཟླ་གལ་ཆེན་གྱི་གྲས་ཤིག་ཡིན་པས་རེད”ཅེས་བརྗོད་པ་དང་། ཁོང་གིས། “2026ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་དཔལ་འབྱོར་4.5%ནས་5%བར་འཕར་བར་བྱེད་པ་དང་ལས་དོན་དངོས་སྒྲུབ་རིང་གྲུབ་འབྲས་དེ་བས་ལེགས་པ་བརྩོན་ལེན་ཧུར་ཐག་བྱ་རྒྱུ་དེ་རེད། དམིགས་ཚད་འདི་ཚན་རིག་དང་མཐུན་ལ་ལུགས་དང་ཡང་མཐུན་པས། ཀྲུང་གོས་དམིགས་ཚད་འདི་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

    “2025ལོར་ཀྲུང་གོའི་དཔལ་འབྱོར་5%འཕར་ནས་མཉེན་ཆ་ཆེན་པོ་མངོན་ཡོད”ཅེས་ཁོར་རུའུ་མུའུ་པཱ་ཡེ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས། ཀྲུང་གོའི་འཕེལ་རྒྱས་ལ་གསར་པ་དང་ལེགས་པའི་ཕྱོགས་སུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་བའི་གསོན་ཤུགས་མངོན་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བརྟན་པོ་ཕྱིན་པ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ། མི་ཐབས་རིག་ནུས་དང་། སྐྱེ་དངོས་སྨན་རྫས། འཕྲུལ་མི། ཚད་རྡུལ་ཚན་རྩལ་སོགས་ཞིབ་འཇུག་གསར་སྤེལ་བཀོལ་སྤྱོད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རང་ངོས་འཕེལ་རྒྱས་བཏང་བ་མ་ཟད། འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་ཡོད་ཅེས་བརྗོད་པ་རེད།

    ཁོར་རུའུ་མུའུ་པཱ་ཡེ་ཧྥུའུ་ཡིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་དོ་ཁུར་ཡུན་རིང་བྱས་ཡོད། “ཀྲུང་གོའི‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་ཀྱིས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་དཔལ་འབྱོར་འཕེལ་རྒྱས་དང་ལག་རྩལ་ཕྱོགས་སྒྱུར་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད” ཁོང་གིས། ད་ཆ་ཀྲུང་གོ་འདི་ཉིད་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་དཔལ་འབྱོར་རོགས་ཟླ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་། ཕན་ཚུན་སྦྲེལ་མཐུད། མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་བཅས་ལ་བར་མཐོངས་གསར་པ་བཏོད་ཡོད་ཅེས་བརྗོད་པ་རེད།

    “‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་ལས་ང་ཚོར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཐོབ་རྒྱུ་རེད”ཅེས་ཁོར་རུའུ་མུའུ་པཱ་ཡེ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས། ཧ་སག་སི་ཐན་དང་ཀྲུང་གོའི་མཉམ་ལས་ཀྱིས་ཧ་སག་སི་ཐན་གྱི་དཔལ་འབྱོར་གྲུབ་ཆ་ཕྱོཌ་སྒྱུར་རིམ་སྤོར་ལ་རམ་འདེཌ་ཐུབ་ནས་ཐོན་ཁུངས་ལ་བརྟེན་པའི་དཔལ་འབྱོར་ནས་ལག་རྩལ་གྱིས་སྐུལ་ཁྲིད་དང་ཞབས་ཞུས་ཁྲིད་སྟོན་བྱེད་པའི་དཔལ་འབྱོར་ལ་བསྒྱུར་རྒྱུ་རེད་ཅེས་བརྗོད་པ་རེད། “‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་ནང་འབྲུ་རིཌ་བདེ་འཇཌ་ཀྱི་གནད་དོན་ལ་དོ་ཁུར་བྱེད་དགོས་ཞེས་བཏོན་པ་དེ་ཧ་སག་སི་ཐན་གྱི་ངོས་ནས་བརྗོད་ན་ཡང་དོན་སྙིང་གལ་ཆེན་ལྡན་ཡོད། འབྱུང་འགྱུར་ལོ་5ཡི་ནང་ཧ་སག་སི་ཐན་གྱི་ཞིང་ལས་འཕེལ་རྒྱས་དེ་སྤུས་ཚད་མཐོ་བ་དང་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུ་རེད། ཧ་སག་སི་ཐན་ལ་བརྟན་ལྷིང་དང་བདེ་འཇཌ་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་འཁོར་འབྲེལ་མཁོ་འདོན་བྱེད་པའི་ནུས་པ་ལྡན་པས། ཀྲུང་གོའི་འབྲུ་རིཌ་བདེ་འཇཌ་ཀྱི་རོཌ་ཟླར་འགྱུར་རེ་ཡོད”ཅེས་ཁོར་རུའུ་མུའུ་པཱ་ཡེ་ཧྥུའུ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།