དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་2026ལོའི་མཉམ་སྡེབ་གྲོས་མོལ་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-22

    ལས་བཟོའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་དང་། ལས་བཟོའི་དཔུང་ཁག་བརྟན་པོ་ཡོང་བ། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཞི་མཐུན་བརྟན་འཇགས་ཀྱི་ངལ་རྩོལ་འབྲེལ་བ་འཛུགས་པ་བཅས་ཀྱི་ཁྲོད་མཉམ་སྡེབ་གྲོས་མོལ་གྱི་གཞི་རྩའི་ནུས་པ་ལེགས་པར་འདོན་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས《2026ལོའི་མཉམ་སྡེབ་གྲོས་མོལ་ལས་དོན་སྤེལ་རྒྱུའི་སྐོར་གྱི་དྲན་སྐུལ་ཡི་གེ》(གཤམ་དུ“དྲན་སྐུལ་ཡི་གེ”ཞེས་བསྡུ་རྒྱུ)བཀྲམ་ནས། ལྗོངས་ཡོངས་སུ་2026ལོའི་མཉམ་སྡེབ་གྲོས་མོལ་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    དྲན་སྐུལ་ཡི་གེའི་ནང་། ཁེ་ལས་ཁག་གིས་མཉམ་སྡེབ་གྲོས་མོལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། རིམ་ཁག་བཟོ་ཚོགས་ཀྱི་མཛུབ་ཁྲིད་ཞབས་ཞུ་རང་འགུལ་ངང་དང་ལེན་བྱེད་པ་དང་། མཉམ་སྡེབ་གྲོས་མོལ་གྱི་བྱེད་པོའི་འགན་འཁྲི་རང་འགུལ་ངང་འཁུར་བ། ཁྲིམས་གཏན་འཁེལ་བའི་འོས་འགན་སྒྲུབ་པ། མཉམ་སྡེབ་གྲོས་མོལ་གྱི་ལས་དོན་ཁེ་ལས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་པ། བཟོ་ཚོགས་རྩ་འཛུགས་ཀྱི་འབྲེལ་ཡོད་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་ཁེ་ལས་དང་ལས་བཟོའི་དབར་གཉིས་ཕན་དང་ཞི་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད།

    དྲན་སྐུལ་ཡི་གེའི་ནང་། མཉམ་སྡེབ་གྲོས་མོལ་བྱེད་སྐབས་འདྲ་མཉམ་གྲོས་མོལ་དང་དྲང་གཞག་མཉམ་ལས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། གྲོས་མོལ་གྱི་འཐུས་མི་འདེམས་པ་དང་། གྲོས་གཞི་གཏན་འཁེལ། ཚོགས་འདུ་འཚོག་པ་སོགས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་དགོས་པ་དང་། གྲོས་འཆམ་བྱུང་ནས་བཞག་པའི་མཉམ་སྡེབ་གན་རྒྱའི་འཆར་ཟིན་ལས་བཟོ་ཡོངས་ལ་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ཐོ་འགོད་ཀྱི་བརྒྱུད་རིམ་ལག་ལེན་བསྟར་ནས་གྲོས་མོལ་གྱི་གྲུབ་འབྲས་ཁྲིམས་མཐུན་ནུས་ལྡན་དང་དོན་འཁྱོལ་ཕན་འབྲས་ཐོན་པར་འགན་ལེན་བྱས་ཏེ། ལས་བཟོའི་ཤེས་ཚད་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ཁེ་ལས་ཁག་གིས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་མཉམ་དུ་གྲོས་མོལ་བྱ་རྒྱུ་ཁས་མི་ལེན་པ་དང་ནར་འགྱངས་བྱ་མི་ཆོག་པ་དང་། རང་མཚམས་ཀྱིས་ནུས་པ་ཐོན་པའི་ཐུན་མོང་གི་གན་རྒྱར་འགྱུར་བ་གཏོང་བ་དང་ཕྱིར་འཐེན་བྱས་མི་ཆོག་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།