ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་པོའི་སྒོ་བྱང་བཀལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་པོ་སྟེ་མལ་གྲོ་གུང་དཀར་རྫོང་ལུའོ་ལེ་ཞིང་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཀྲ་ཤིས་སྒང་ཤང་རྣམ་རྒྱལ་གླིང་གྲོང་ཚོར་སྒོ་བྱང་བཀལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེས“ཞིང་ལས་ཞབས་ཞུ་དང་། ཞིང་འཕྲུལ་འགན་ལེན། ཞིང་ཆས་མཁོ་སྤྲོད་བཅས་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་གྱི་མ་ལག་བཙུགས་པ་དང་ཞིང་འཕྲུལ་221བཀོད་སྒྲིག་བྱས་ཏེ། རྨོ་འདེབས་དང་། གནོད་འབུ་འགོག་པ། བརྔ་བསྡུ་སོགས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཞབས་འདེགས་ཞུས་ཡོད། མིག་སྔར་མུའུ་1300ལྷག་ཙམ་ལ་ཞབས་འདེགས་ཞུས་ཏེ་ཤང་སྒྲོལ་བའི་ས་སློག་རྨོ་འདེབས་མུའུ་1500ལྷག་ཙམ་ཟིན་པ་དང་སྤུས་ལེགས་ཞོག་ཁོག་གི་སོན་བཟང་ཁྱབ་གདལ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།