དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-22

    ཚེས་20ཉིན་གྱི་སྔ་དྲོར། གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)2026ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད། 《སྲོལ་ཡིག》དེ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་ཞིང་དེས་འབྲེལ་ཡོད་ཁྲིམས་འཛུགས་ཀྱི་སྟོང་ཆ་བསྐངས་ཡོད།

    ངོ་སྤྲོད་བྱས་པར་གཞིཌ་ན། 《སྲོལ་ཡིག》དེའི་ནང་རྒྱང་ལྟའི་རང་བཞིན་དང་ཉེར་སྤྱོད་རང་བཞིན་མངོན་གསལ་དོད་པོ་ཡོད་པ་དང་། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་དང་། ཆུ་མཁོ་འདོན་དང་སོལ་རླངས་བེད་སྤྱོད། སྔོ་འགྱུར་དང་རླངས་འཁོར་འཇོག་ས་སོགས་ཁྱབ་ཁོངས་མང་པོའི་དོ་དམ་ལ་སྤྱི་འདོམས་བྱས་པ་དང་། རིམ་ཁག་སྲིད་གཞུང་དང་སྡེ་ཚན་ཁག་གི་འགན་འཁྲི་ཁག་བགོས་བྱས་ནས་གྲོང་ཁྱེར་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད། དེ་དང་ཆབས་གཅིག 《སྲོལ་ཡིག》ནང་གྲོང་ཁྱེར་གྱི་བློ་རིག་ཅན་གྱི་དོ་དམ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་གྱི་འཁོར་སྐྱོད་དོ་དམ་དང་ཞབས་ཞུའི་ལས་སྟེགས་འཛུགས་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་དང་། བཀོད་འདོམས་བཀོད་གཏོང་སོགས་ཀྱི་བྱེད་ནུས་འཐུས་སྒོ་ཚང་དུ་བཏང་ནས་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།