དབུ་ཤོག
  • རིག་དངོས་དང་གནའ་བོའི་བཟོ་སྐྲུན་གྱི་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    རིག་དངོས་དང་གནའ་བོའི་བཟོ་སྐྲུན་ནི་ལོ་རྒྱུས་ཀྱི་ཤེས་དཔལ་ལ་བདེན་དཔང་བྱེད་པའི་མཆོག་ནོར་ཞིག་ཡིན་པ་དང་། དེ་དག་གིས་ལོ་ངོ་སྟོང་གི་འགྱུར་བ་ཡི་དུས་རིམ་ཐེག་ཐུབ་པ་དང་དུས་མཚུངས་ཧ་ཅང་ཉམས་ཞན་ཡིན་པས། གལ་ཏེ་མེ་སྐྱོན་ཐོན་ཚེ་སྔོན་དཔག་བྱེད་ཐབས་བྲལ་བའི་གྱོང་གུན་བཟོ་སྲིད།

    གཅིག རིག་དངོས་དང་གནའ་བོའི་བཟོ་སྐྲུན་གྱི་མེ་སྐྱོན་ཉེན་ཁ།

    1. འཛུགས་སྐྲུན་རྒྱུ་ཆར་མེ་འབར་སླ་བ། གནའ་བོའི་བཟོ་སྐྲུན་མང་ཆེ་བ་ནི་ཤིང་རྒྱུ་ལས་གྲུབ་པ་ཤ་སྟག་ཡིན་པ་དང་། ཤིང་ཆ་ནི་མེ་འབར་སླ་བའི་རྒྱུ་ཆ་ཞིག་ཡིན་པས། མེ་འགོག་གི་རིམ་པ་དམའ་པོ་རེད། གལ་ཏེ་མེ་སྐྱོན་ཐོན་ཚེ་མེ་མགྱོགས་མྱུར་མཆེད་སྲིད།

    2. མེ་གསོད་སྒྲིག་ཆས་རྗེས་ལུས་ཡིན་པ། གནའ་བོའི་བཟོ་སྐྲུན་མི་ཉུང་བ་ཞིག་བསྐྲུན་ནས་ཡུན་རིང་སོང་བ་དང་། དུས་ཡུན་རིང་པོར་དེང་རབས་ཅན་གྱི་མེ་གསོད་སྒྲིག་ཆས་གསར་བརྗེས་དང་སྲུང་སྐྱོང་མ་བྱས་པས། མངོན་མེད་རྐྱེན་ངན་ཐོན་ཉེན་ཆེན་པོ་ཡོད།

    3. གློག་ཤུགས་སྒྲིག་བཀོད་སྒྱུར་བཀོད་འོས་འཚམ་བྱས་མེད་པ། དེང་རབས་ཀྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། གནའ་བོའི་བཟོ་སྐྲུན་མི་ཉུང་བ་ཞིག་ལ་ཚོན་ཁྲ་ཅན་གྱི་གློག་སྒྲོན་དང་གློག་སྒྲོན་སོགས་གློག་ཆས་སྒྲིག་སྦྱོར་བྱས་ཡོད་མོད། འོན་ཀྱང་གལ་ཏེ་གློག་སྐུད་རྙིང་པ་ཆགས་པ་དང་སྒྲིག་སྦྱོར་ཚད་ལྡན་མིན་པའམ་ཡང་ན་ཐེག་ཚད་ལས་བརྒལ་ནས་བཀོལ་སྤྱོད་བྱས་ཚེ་མེ་སྐྱོན་ཐོན་ཉེན་ཆེན་པོ་ཡོད།

    4. ཡུལ་སྐོར་བའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཞན་པ། གནའ་བོའི་བཟོ་སྐྲུན་ལ་ལྟ་སྐོར་བྱེད་སྐབས་ཡུལ་སྐོར་བ་འགའ་ཤས་ཀྱིས་ཐ་མག་གི་ཕྲུག་ལྷག་གང་བྱུང་དུ་གཡུགས་པ་དང་། སྒྲིག་འགལ་ངང་མེ་བེད་སྤྱོད་བྱེད་ཀྱི་ཡོད། དོ་སྣང་དེ་ཙམ་མེད་པའི་བྱེད་སྤྱོད་དེ་དག་ནི་གནའ་བོའི་བཟོ་སྐྲུན་ལ་མེ་ཤོར་བའི་རྐྱེན་རྩར་འགྱུར་སྲིད།

    གཉིས། རིག་དངོས་དང་གནའ་བོའི་བཟོ་སྐྲུན་གྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་དཀའ་གནད།

    1. བཟོ་སྐྲུན་གྱི་མེ་བཟོད་ཚད་དམའ་བ་དང་མེ་སྐྱོན་ཐོན་ཚད་མཐོ་བ།

    2. བཟོ་སྐྲུན་ཕན་ཚུན་ཐག་ཉེ་བས། མེ་གཅིག་ལ་གཅིག་འཁྱུད་ཀྱིས་འབར་ཉེན་ཆེན་པོ་ཡོད་པ།

    3. བཟོ་སྐྲུན་ཚགས་དམ་པས་མེ་གསོད་པར་དཀའ་གནད་ཆེན་པོ་ཡོད་པ།

    4. བཟོ་སྐྲུན་གྱི་གནས་ཡུལ་ཐག་རིང་བའམ་ཡང་ན་གཞི་ཁྱོན་ཅུང་ཆེ་བས། མེ་སྐྱོན་ཐོག་མར་ཐོན་པའི་དུས་སུ་ཐག་གཅོད་བྱེད་ཁག་པོ་ཡིན་པ།

    གསུམ། རིག་དངོས་དང་གནའ་བོའི་བཟོ་སྐྲུན་གྱི་མེ་ཟོན་བདེ་འཇགས་ཕྱོགས་སྟོན།

    1. ཆོས་ལུགས་བྱེད་སྒོའི་ནང་མཆོད་འབུལ་ཐད་སྤྱོད་པའི་མེ་ལ་དོ་དམ་ནན་པོ་བྱེད་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གཏན་འཁེལ་བྱས་པའི་གནའ་བོའི་འཛུགས་སྐྲུན་དཔེར་ན་མཆོད་མེ་སྤོར་བ་དང་། ཤོག་བུ་སྲེག་པ། སྤོས་བདུག་པ་བཅས་བྱེད་སྐབས། ངེས་པར་དུ་གཏན་འཁེལ་ས་ཆ་ལོགས་སུ་འཇོག་དགོས་པ་མ་ཟད། ཆེད་མིས་ལྟ་རྟོག་བྱེད་པའམ་ཡང་ན་ལས་རེས་སྐོར་ཞིབ་ཀྱི་བྱེད་ཐབས་སྤྱོད་དགོས།

    2. མེ་འབྲེལ་ལས་སྒྲུབ་ལ་དོ་དམ་ནན་པོ་བྱེད་དགོས། རིག་དངོས་དང་གནའ་བོའི་བཟོ་སྐྲུན་ཉམས་གསོ་བྱེད་པར་མེ་བཀོལ་ནས་ལས་ཀ་བྱེད་མི་རུང་། གལ་ཏེ་བཀོལ་སྤྱོད་བྱེད་དགོས་ན་ངེས་པར་དུ་ཞིབ་མཆན་འགོད་པའི་འགྲོ་ལུགས་ནན་པོ་གཉེར་དགོས།

    3. མེ་གསོད་ཡོ་བྱད་དང་སྒྲིག་ཆས་འདང་ངེས་བཀོད་སྒྲིག་བྱེད་དགོས། ཤིང་རྒྱུའི་བཟོ་སྐྲུན་ལ་མེ་འབར་སླ་བས་མེ་གསོད་ཡོ་བྱད་དང་། མེ་གསོད་ཆུ་སྒོ། མེ་ཁེབས། འཕྲལ་སྡོམ་གློག་སྒྲོན་སོགས་མེ་གསོད་ཡོ་བྱད་དང་སྒྲིག་ཆས་འདང་ངེས་བཀོད་སྒྲིག་བྱེད་དགོས་པ་མ་ཟད། དུས་བཀག་ལྟར་སྲུང་སྐྱོང་དང་བདག་སྐྱོང་བྱེད་དགོས།

    4. གློག་རླངས་ཀྱི་མེ་སྐྱོན་ལ་དོགས་ཟོན་བྱེད་དགོས། རིག་དངོས་དང་གནའ་བོའི་བཟོ་སྐྲུན་གྱི་ནང་དྲོད་ཚད་མཐོ་བའི་གློག་སྒྲོན་དང་གློག་ཐབ་སོགས་ནུས་ཚད་ཆེ་བའི་གློག་གི་ཚ་དྲོད་གཏོང་ཆས་སྤྱོད་མི་རུང་བ་དང་། གློག་སྒྲོན་དང་འགྲེམས་སྟོན་རྒྱབ་ལྗོངས་ཀྱི་གློག་འོད་ལོ་ཚད་ལས་བརྒལ་ནས་སྤྱོད་མི་རུང་བར། དུས་བཀག་ལྟར་ཞིབ་བཤེར་བྱེད་པ་དང་འབྲེལ་དུས་ཐོག་ཏུ་བརྗེ་དགོས།

    5. མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། ལས་དོན་པའི་མེ་ཟོན་བདེ་འཇགས་སློབ་གསོར་མཐོང་ཆེན་བྱེད་དགོས་པ་དང་དེའི་ནང་མེ་སྐྱོན་སྔོན་འགོག་བྱེད་ཐབས་དང་། མེ་སྐྱོན་ཤེས་རྟོགས་བྱུང་རྗེས་ཐག་གཅོད་དང་དེ་བཞིན་མེ་གསོད་རྩལ་ནུས་སོགས་ཚུད་ཡོད།

    6. མེ་འབྲེལ་ཅ་དངོས་ཁྱེར་ཡོང་བར་ཚོད་འཛིན་ནན་པོ་བྱེད་དགོས། རིག་དངོས་དང་གནའ་བོའི་བཟོ་སྐྲུན་གྱི་ནང“ཐ་མག་དང་མེ་ཁྱེར་ཡོང་མི་ཆོག”ཅེས་པའི་མཚོན་རྟགས་གསལ་པོ་བསྒར་དགོས། ཡུལ་སྐོར་བ་དང་དེ་བཞིན་ལས་དོན་པས་མེ་ཆ་དང་འབར་ཞུན་སོགས་འབར་གས་སླ་བའི་ཉེན་ཁ་ཅན་གྱི་དངོས་རྫས་ཁྱེར་ནས་ནང་དུ་འཛུལ་མི་ཆོག་པ་དང་། འབར་གས་སླ་བའི་ཉེན་ཁ་ཅན་གྱི་དངོས་རྫས་སྣ་ཚོགས་ཉར་ཚགས་དང་བེད་སྤྱོད་རྒྱུ་གཏན་འགོག་བྱེད་དགོས།

    7. ཆོས་ལུགས་བྱེད་སྒོའི་སྐབས་མི་ཚོགས་མང་བར་བརྟེན་ཉེན་གཡོལ་རང་སྐྱོབ་ནི་འགག་རྩ་ཡིན། ཚོགས་མཆོད་དང་སྨོན་ལམ་སོགས་བྱེད་སྒོ་ཆེ་གྲས་སྤེལ་སྐབས་སྔོན་ལ་མེ་ཟོན་ཞིབ་བཤེར་དང་འཕྲལ་སྡོམ་ཉེན་གཡོལ་གྱི་ནང་སྦྱོང་སྒྲིག་འཛུགས་བྱེད་དགོས། གལ་ཏེ་མེ་སྐྱོན་ཐོན་ཚེ་ལས་དོན་པའི་བཀོད་འདོམས་ལ་ཉན་ནས་བདེ་འཇགས་ངང་ཕྱིར་འཐེན་བྱེད་དགོས།

    (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།