དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཞིང་འབྲེལ་ཕྱི་ཕྱོགས་ཚོང་དོན་གྱི་ODIལས་སྒོ་ཐོག་མ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-21

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཕྱི་དངུལ་ཅུས་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཅུས་ཀྱི་ཞབས་ཞུ་དང་བརྒྱུད་རིམ་ཧྲིལ་པོའི་མཛུབ་ཁྲིད་འོག ཉིན་ཤས་གོང་ཀྲུང་གོ་ཞིང་ལས་དངུལ་ཁང་ཉིང་ཁྲི་ཞ་མོན་ཐང་ཆེན་ཉིང་ལག་དངུལ་ཁང་གིས་ཞིང་འབྲེལ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཤིག་ལ་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག(ODI)གི་དུས་འགོའི་གྲོན་དངུལ་གྱི་ཕྱི་དངུལ་ཐོ་འགོད་དང་དེ་བཞིན་དངུལ་འགྲུལ་གཏོང་བའི་ལས་སྒོ་གཉེར་བ་རེད། ལས་སྒོ་དེའི་བལྟོས་བཅས་རྣམ་གྲངས་ཀྱི་སྤྱིའི་མ་འཇོག་དངུལ་འབོར་ཨ་སྒོར་ཁྲི་100ཟིན་པ་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་མ་རྩའི་རྣམ་གྲངས་ལ་བརྟེན་ནས་ཞིང་འབྲེལ་ཕྱི་ཕྱོགས་ཚོང་དོན་ཁེ་ལས“ཕྱིར་སྐྱོད་པར”རྒྱབ་སྐྱོར་བྱེད་པའི་རྒྱལ་སྒྲོལ་དངུལ་རྩའི་ལས་སྒོ་ཐོག་མ་དེ་ཡིན་པས་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱི་རྒྱལ་དུ་གཏོང་བར་ཕན་ཆེ་ལུགས་མཐུན་གྱི་རྒྱལ་སྒྲོལ་བགྲོད་ལམ་ཞིག་བཏོད་ཡོད།

    ལས་སྒོ་བདེ་བླག་ངང་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་ཆེད། ཕྱི་དངུལ་ཅུས་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཅུས་ཀྱིས“སྲིད་ཇུས་དངོས་ཚན་དུ་དོན་འཁྱོལ་དང་ཞབས་ཞུས་དངོས་ཚན་ལ་ཕན་པའི”སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ཁོངས་གཏོགས་ནང་གི་ཞིང་འབྲེལ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་རྒྱལ་སྒྲོལ་མ་དངུལ་འདུ་གཏོང་གི་དགོས་མཁོ་སྔ་སྣུར་དུ་མཐིལ་རྟོགས་བྱས་པ་དང་། ཁེ་ལས་ཀྱི་ཕྱི་རྒྱལ་མཛོད་ཁང་འཛུགས་སྐྲུན་གྱི་འབྲེལ་ཡོད་ODIཡི་དུས་འགོའི་དངུལ་འགྲུལ་གཏོང་བའི་དགོས་མཁོར་དམིགས་ནས་གཅིག་གཏད་གཅིག་གི་སྲིད་ཇུས་ཟུར་ཁྲིད་བྱས་ཏེ། སྟབས་བདེ་ཅན་གྱི་སྲིད་ཇུས་སྤྱོད་འཐུས་ཚད་གཞི་དང་། ལས་སྒོ་གཉེར་བའི་ཚད་གཞི། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་འགག་གནད་བཅས་ཁ་གསལ་བཟོས་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།