སི་ཁྲོན་རྔ་པའི་སྐུ་ལ་སོགས་འཛམ་གླིང་ས་གཤིས་སྤྱི་གླིང་ལ་གསར་དུ་བསྣན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། གསར་འགོད་པར་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཧྥ་རན་སེའི་རྒྱལ་ས་ཕ་རི་སིར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་ཚོགས་འདུ་སྐབས་224པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད། རང་རྒྱལ་གྱི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་ཁོངས་སུ་གནས་པའི་སྐུ་ལ་དང་ཀྲེ་ཅང་གི་ཁྲང་ཧྲན་འཛམ་གླིང་ས་གཤིས་སྤྱི་གླིང་ལ་དངོས་སུ་གྱུར་ཞིང་། ད་བར་རང་རྒྱལ་གྱི་འཛམ་གླིང་ས་གཤིས་སྤྱི་གླིང་51བར་མང་དུ་ཕྱིན་པ་དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24དང་དེ་བཞིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ཁྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།