དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་དམངས་འཚོའི་བྱ་བ་དངོས་གསུམ་གཙོ་གནད་ཐོག་ཡག་པོ་བསྒྲུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-21

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་4ཚེས་15ཉིན་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་གནས་ཚུལ་སྤེལ་བར། ད་ལོ་མཚོ་སྔོན་གྱིས“རྒན་གཅིག་གཞོན་གཅིག”ལ་དམིགས་ནས་དམངས་འཚོའི་བྱ་བ་དངོས་གསུམ་གཙོ་གནད་ཐོག་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།

    རྒན་གསོའི་སྒྲིག་གཞིས“སྟབས་ཧ་ཅང་བདེ་པོས་གཉེར་ཐུབ་པ”བྱས་ནས་དམངས་སྲིད་སྤྱི་འདོམས་དང་སྡེ་ཚན་མཉམ་འགུལ་མཐའ་འཁྱོངས་དང་རྒན་གསོའི་སྒྲིག་གཞིའི་ཐོ་འགོད་དོན་ཚན་གྱི་གསལ་ཐོ་དང་ལས་སྒྲུབ་ཕྱོགས་སྟོན་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་པ། “སྐར་ཁུང་གཅིག་ནས་བདག་སྤྲོད་དང་། དཔྱད་གཞི་ཆ་ཚང་གཅིག མཉམ་སྦྲེལ་ལས་སྒྲུབ། དུས་བཀག་ནང་སྒྲུབ་ཐུབ་པ་བཅས”ཁྱབ་གདལ་བཏང་ནས། སྒྲུབ་ཡུན་ཐུང་དུ་ཤུགས་ཆེན་གཏོང་བ་དང་སྒྲུབ་པའི་མ་གནས་དམའ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་རྒན་གསོའི་ཞབས་ཞུའི་ནང་ཞུགས་རྒྱུའི་ཡིད་དབང་འགུག་རྒྱུ་རེད། ན་རྒས་ཁ་གསབ་དངུལ“རེ་ཞུ་མི་དགོས་པར་ལོངས་སུ་སྤྱོད་པ”དང“དྲ་གཅིག་ཀུན་སྒྲུབ་དང་རེ་ཞུ་མི་དགོས་པར་ལོངས་སུ་སྤྱོད་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་དམངས་སྲིད་ཀྱིས་སྣེ་ཁྲིད་དེ་ཐོབ་ཐང་ལ་ཞིབ་བཤེར་བྱེད་པ་དང་སྤྱི་བདེ་དང་། འཕྲོད་བསྟེན། མི་སྤྱི་སོགས་སྡེ་ཚན་གྱི་གྲངས་གཞི་ཐེངས་གཅིག་ལ་བསྡུ་ལེན་དང་ཕྱོགས་མང་པོས་བསྐྱར་སྤྱོད་ཐུབ་པ་བྱས་ནས། 2026ལོའི་ལོ་མཇུག་ཏུ་ལོ་70ཡན་གྱི་རྒན་རྒོན་ལ་ན་རྒས་ཁ་གསབ་དངུལ་རེ་ཞུ་མི་དགོས་པར་ལོངས་སུ་སྤྱོད་ཐུབ་པ་དང་ལོ་ན་སླེབས་མ་ཐག་ལོངས་སུ་སྤྱོད་ཐུབ་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱ་རྒྱུ་རེད། བུ་གསོའི་ཁ་གསབ་སྤྲོད་སྟངས“གནད་འཁེལ”ཡོང་བར་བྱས་ནས། དྭ་ཕྲུག་དང་དངོས་འབྲེལ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་ཐོབ་ཐང་ངོས་འཛིན་དང་གསོ་ཉར་ཐོ་འགོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲོད་བསྟེན་དང་ནོར་སྲིད་སོགས་སྡེ་ཚན་དང་ཆ་འཕྲིན་སྤེལ་རེས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁ་གསབ་སྤྲོད་ཡུལ་དབྱེ་འབྱེད་གནད་སྨིན་ཐུབ་ཚད་མཐོ་རུ་གཏོང་བ། བྱིས་པའི་ལྟ་སྐུལ་མཛུབ་ཁྲིད་པ་དང་བྱིས་པའི་ཀྲུའུ་རེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་སྒོ་རྩར་བསྐྱོད་ནས་སྒྲུབ་རོགས་བྱས་ཏེ་ཁ་གསབ་སྤྲོད་སྐབས་དུད་ཚང་དང་མི་གཅིག་ཀྱང་མི་ལུས་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།