རྒྱལ་སྤྱིའི་ཁྱབ་སྤེལ་དངོས་མཚོན་གློག་བརྙན《ལམ་ཆེན། ནམ་ཡང་རྒྱང་སྐྱོད་བྱེད》ཅེས་པའི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་གཉེར་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། རྒྱལ་སྤྱིའི་ཁྱབ་སྤེལ་དངོས་མཚོན་གློག་བརྙན《ལམ་ཆེན། ནམ་ཡང་རྒྱང་སྐྱོད་བྱེད》ཅེས་པའི་འགོ་ཚུགས་མཛད་སྒོ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་གཉེར་ཞིང་། གློག་བརྙན་གྱིས་འཛམ་གླིང་ལ་རྒྱང་སྐྱོད་ཀྱི་གཏམ་རྒྱུད་བརྗོད་དེ། དུས་རབས་གསར་པར་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེའི་བཀྲག་མདངས་འཚེར་ཐུབ་པ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དངོས་མཚོན་གློག་བརྙན་གྱིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་དེང་རབས་ཀྲུང་གོའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུའི་ནང་གནས་ཀྱི་འབྲེལ་བ་གཏིང་ཟབ་བསྔོགས་ཏེ། ཨ་རིའི་རྩོམ་པ་པོ་ཧ་ལི་སེན་སུར་ཙི་པོ་ལིས《རྒྱང་སྐྱོད། སྔར་ཐོས་མྱོང་མེད་པའི་གཏམ་རྒྱུད》ཅེས་པའི་ནང་གི་ལོ་རྒྱུས་ཀྱི་དྲི་བར་གཞིགས་ཏེ། ཕྱི་རྒྱལ་གྱི་གྲོགས་པོ་གཉིས་འགྲུལ་བཞུད་པ་དང་ལྟ་ཞིབ་པར་གདན་དྲངས་ནས་རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་དེ། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་དང་། ལྷག་པར་དུ་གཞོན་སྐྱེས་མི་རབས་ཚོར་རྒྱང་སྐྱོད་ཀྱི་གནས་ཚུལ་ལ་རྒྱུས་མངའ་ལོན་དུ་བཅུག་པ་མ་ཟད། ཀྲུང་གོས་ལམ་ཆེན་དེར་ཇི་ལྟར་བསྐྱོད་མིན་ཤེས་སུ་བཅུག་ཡོད་པ་རེད།
《ལམ་ཆེན། ནམ་ཡང་རྒྱང་སྐྱོད་བྱེད》ཅེས་པ་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་བཏོན་པ་དང་། མཉམ་འབྲེལ་ཐོག་འདོན་མཁན་ཕྱོགས་ཀྱི་འཐུས་མི་དང་། དངོས་མཚོན་གློག་བརྙན་གྱི་གསར་གཏོད་ཚོགས་པ་གཙོ་བོ། རིགས་གཅིག་མཁས་ཅན་དང་མཁས་དབང་། གཞོན་སྐྱེས་འཐུས་མི་སོགས་ཁྱོན་མི་80ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།