དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅ་དབན་མྱུར་བགྲོད་ལྕགས་ལམ་དུ་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་1500ལྷག་ཙམ་སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-21

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཅ་ཁར་ཐ་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་14ཉིན་བར། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ཏེ་བསྐྲུན་པའི་ཅ་དབན་མྱུར་བགྲོད་ལྕགས་ལམ་དུ་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་1500ལྷག་ཙམ་སྐྱེལ་འདྲེན་བྱས་ཤིང་། གཉེར་སྐྱོང་གི་གཞི་ཁྱོན་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་རྣམ་གྲངས་ཀྱི་ཕྱོགས་བསྡུས་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད། གྲངས་གཞི་ལས་མངོན་པར། ཅ་དབན་མྱུར་བགྲོད་ལྕགས་ལམ་དུ་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་མང་ཤོས་མི་ཐེངས་26770ཟིན་ནས། ཉིན་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མཐོ་ཤོས་99.64%ཟིན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།