དབུ་ཤོག>གསར་འགྱུར།
  • ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཞིང་ཆེན་གཞན་ནས་ཐོག་མར་གཉེར་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་ཀྱིས་རང་འགུལ་ངང་ལས་དོན་སྤེལ་བ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཆེད་བསྐོས་མི་སྣ་དང་ཆེད་དམིགས་སྐར་ཁུང་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོར་ཚབ་གཉེར་དང་། ཡུལ་གཞན་དུ་བདག་གཉེར། ཁོངས་གཏོགས་ས་ཆར་ཞིབ་བཤེར། མྱུར་སྐྱེལ་སྦྲག་བསྐུར་སོགས་ཀྱི་ལས་སྒོ་བསྒྲུབས་ནས་ཀྲུའུ་ཧའེ་གྲོང་ཁྱེར་ནས་ལས་སྒོ་བདེ་བླག་ངང་གཉེར་ཐུབ་སྟེ་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་ལས་སྒོ་ཞིང་ཆེན་གཞན་ནས་ཐོག་མར་གཉེར་ཐུབ་པ་བྱུང་ཡོད།

    ད་ཐེངས་ཞིང་ཆེན་གཞན་ནས་ལས་སྒོ་གཉེར་བར་ཉིང་ཁྲིས་རང་འགུལ་ངང་ཀྲུའུ་ཧའེ་དང་འབྲེལ་བ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་གཞོགས་འདེགས་བྱས་པ་དང་། ཆེད་མི་བཏང་ནས་ཀྲུའུ་ཧའེ་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ཕྱོགས་གཉིས་པོས་གཞན་སྒྱུར་ཐོ་འགོད་བྱས་པའི་དཔྱད་གཞི་བསྡུ་རུབ་བཅས་བྱས་པ་མ་ཟད། དྲ་ཐོག་ནས་ཕ་རོལ་པོའི་དམིགས་འཛུགས་མ་ལག་ནང་འཇུག་པ། ཕྱོགས་གཉིས་པོས་ཉར་ཚགས་ཁང་པར་དྲ་ཐོག་ནས་མིང་རྟགས་འགོད་པའི་གན་རྒྱ་འཇོག་རོགས་བྱས་པ། དེ་དང་ཆབས་ཅིག་དྲ་ཐོག་ནས་ཁྲལ་དངུལ་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་འགྲོ་གྲོན་འཇལ་བ་བཅས་བྱས་ནས་འགྲོ་ལུགས་གཉེར་ཐུབ་པ་བྱས་ཡོད།

    ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཞིང་ཆེན་གཞན་ནས་གཉེར་བའི་ལས་སྒོ་ཐོག་མ་དེ་ཉིང་ཁྲིས་བདེ་བླག་ངང་བསྒྲུབས་པས་བོད་དང་ལྗོངས་ཕྱིའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་སྒོའི་བགྲོད་ལམ་ཤར་གཏོང་ཐུབ་པ་མ་ཟད། ཉིང་ཁྲི་དང་ཀྲུའུ་ཧའེ་ཁུལ་ཁོངས་སྒྲོལ་བའི་ཐོ་འགོད་ལས་སྒོ“ཐག་ཉེ་ས་ནས་གཉེར་རྒྱུའི་རེ་ཞུ་དང་། དྲ་ཐོག་ནས་ཞིབ་དཔྱད། མཐུན་སྦྱོར་ངང་གཉེར་བ”བཅས་མངོན་འགྱུར་བྱུང་སྟེ་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་དང་ལས་དོན་སྒྲུབ་བདེ་བས། ལས་སྒྲུབ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དེ་ཐོག་ནས་ཉིང་ཁྲིའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཁུལ་ཁོངས་སྒྲོལ་བའི་ཞབས་ཞུའི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།