འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ་མཇུག་འགྲིལ་བ།
བོད་ལྗོངས་འགྲེམས་ཁང་གི་ཡུལ་དངོས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་222.3ཟིན་པ།
ཟླ་4ཚེས་18ཉིན། “སྒོ་དབྱེར་བརྟེན་ནས་གོ་ལ་ཧྲིལ་པོའི་འཛད་སྤྱོད་ལ་སྣེ་ཁྲིད་བྱེད། གསར་གཏོད་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ(གཤམ་དུ་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ་ཞེས་བསྡུ་རྒྱུ)ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད། འགྲེམས་ཚོགས་རིང་བོད་ལྗོངས་འགྲེམས་ཁང་གི་ཡུལ་དངོས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་222.3ཟིན་པ་དེ་སྐབས་གོང་མ་ལས་11.48%འཕར་ནས་འགྲེམས་སྟོན་ལ་ཞུགས་པའི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ་དེ་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་སྒོ་ཁྲལ་བསྡམས་ནས་གཉེར་སྐྱོང་བྱས་རྗེས་ཀྱི“འགྲེམས་སྟོན་ཐོག་མ”ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་སྤུས་ལེགས་འགྲེམས་རྫས་སྣ་ཚོགས་འདུས་ཡོད་ལ་དང་རང་ལྗོངས་ཀྱིས་ཀྱང་ཁྱད་ལྡན་ཁེ་ལས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་འགྲེམས་ཚོགས་ལ་ཞུགས་སུ་བཅུག་ཡོད། དེའི་རིང་། བོད་ལྗོངས་འགྲེམས་ཁང་གིས་རིམ་རྩིས་བརྒྱབ་ན། ལྟད་མོ་བ་མི་ཐེངས་ཁྲི་1.4ཙམ་ལ་སྣེ་ལེན་ཞུས་ནས་ཉོ་སྒྲུབ་མངགས་ཐོ་སྒོར་ཁྲི་609.8ཟིན་པ་དང་འདོད་མཐུན་མངགས་ཐོའི་དངུལ་འབོར་སྒོར་ཁྲི་629ཟིན་ཡོད། དེའི་ནང་ཕྱིར་གཏོང་འདོད་མཐུན་མངགས་ཐོའི་དངུལ་འབོར་སྒོར་ཁྲི་30ཟིན་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་འབྲེལ་ཟམ་བསྐྲུན་པ་མ་ཟད། བོད་ཀྱི་ཁྱད་ལྡན་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་། བསྔགས་བརྗོད་ཐོབ་ཚད། ཁྲོམ་རར་ཤུགས་རྐྱེན་ཐེབས་ཤུགས་བཅས་སྔར་བས་ཆེ་རུ་ཕྱིན་ནས་བོད་ཀྱི་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་རྒྱལ་སྤྱི་ཅན་གྱི་ལས་སྟེགས་ལ་བརྟེན་ནས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་ཁྱབ་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།