མཚོ་སྔོན་མཚོ་ནུབ་ཀྱིས་འདྲེ་ཚེར་མའི་ཐོན་ལས་ཞིང་འབྲོག་ཐོན་རྫས་གཙོ་བོར་བརྩིས་ནས་འཕེལ་རྒྱས་གཏོང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་འདྲེ་ཚེར་མའི་འདེབས་འཛུགས་རྟེན་གཞིར་མང་ཚོགས་ཀྱིས་སོ་ནམ་དུས་ཚོད་དམ་འཛིན་གྱིས་དཔྱིད་དུས་ཀྱི་ཡལ་བཞུར་བརྒྱབ་པ་དང་། འདེབས་འཛུགས་རྒྱུ་ཆ་ནས་འགོ་བཙུགས་ཏེ་ད་ལོའི་འདྲེ་ཚེར་མར་ཐོན་འབབ་ལེགས་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ་རེད། གཏེར་ལེན་ཁ་གྲོང་ཁྱེར་གྱི་འདྲེ་ཚེར་མའི་སྦི་རག་བསྙལ་བཟོ་དང་དུར་ལམ་རྫོང་གི་འདྲེ་ཚེར་མ་སོས་པའི་ཉིང་ཁུ་འདུས་ཚད་དམའ་བའི་ལུས་གསོའི་ཨ་རག ཝུའུ་ལམ་རྫོང་གི་འབྲས་བུ་ནག་པོའི་འདྲེ་ཚེར་མའི་སྙིགས་རོ་ནས་ཧྭ་ཆིང་སུའུ་ལེན་པ་སོགས་ཀྱི་རྣམ་གྲངས་2026ལོའི་མཚོ་སྔོན་གྱི་འདྲེ་ཚེར་མའི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ཀྱི་མཐུད་སྐྲུན་འཆར་གཞིར་བཅུག་པ་དང་སྦྲགས། ལས་སྣོན་ཞིབ་ཚགས་བྱས་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ནས་ཐོན་སྐྱེད་ལས་སྣོན་ནས་འགོ་འཛུགས་རྒྱུ་རེད། མ་བཅོས་རྒྱུ་ཆའི་རྨང་གཞི་འདིང་བ་དང་ལས་སྣོན་སྤུས་ཚད་ལེགས་སུ་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”མཚོ་སྔོན་གྱི་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་འགོ་བཙུགས་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མཚོ་སྔོན་མཚོ་ནུབ་ཀྲོའུ་ཡིས“སྐྱེ་ཁམས་བདེ་འཇགས་ལྡན་པ་དང་། ཐོན་སྐྱེད་ལས་ཕྱོད་ཆེ་བ། འཁོར་འབྲེལ་རིན་ཐང་མཐོ་བ། ཁྲོམ་རའི་ལེགས་ཆ་ཆེ་བ། འདེད་སྐུལ་གྱི་ཚན་རྩལ་མཐོ་བ། རིག་གནས་ཀྱི་མཐུན་རྐྱེན་སྦྱོར་ནུས་ཆེ་བ”བཅས་ལྟེ་བར་བྱེད་པའི་འདྲེ་ཚེར་མའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མ་ལག་གང་མགྱོགས་བསྐྲུན་ནས། འདྲེ་ཚེར་མའི་ཐོན་ལས་དེ་ཀྲོའུ་ཡོངས་ཀྱི་ཁྱད་ཆོས་དང་ལེགས་ཆ་ཆེ་ཤོས་ལྡན་པའི་ཞིང་འབྲོག་ཐོན་རྫས་རྩེ་གྲར་བརྩིས་ཏེ་གཙོ་གནད་ཐོག་སྐྱེད་སྲིང་དང་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།