ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་དཔྱིད་རྨོད་དཔྱིད་འདེབས་ལ་བྲེལ་བ།

ཉིན་ཤས་བསྟུད་མར། གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་དྲུག་པའི་ཆི་ཐའེ་ཞིང་རའི་འདེབས་འཛུགས་དུད་ཚང་གིས་སོ་ནམ་དུས་ཚོད་ལ་དམ་འཛིན་བྱས་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཨ་ཤོམ་དང་ཉི་མ་མེ་ཏོག་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱེད་བཞིན་ཡོད་པས། ཞིང་ནང་དུ་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཡོད། འདི་ནི་ཉེ་ཆར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་དྲུག་པའི་ཆི་ཐའེ་ཞིང་རར་འདེབས་འཛུགས་དུད་ཚང་གིས་ཞིང་ལས་འཕྲུལ་ཆས་བཏང་ནས་ཨ་ཤོམ་འདེབས་བཞིན་པ།
འབྲེལ་ཡོད་གསར་འགྱུར།