དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་དེང་རབས་ཚན་རྩལ་ཁང་ཁོངས་གཏོགས་ཀྱི་མཉམ་འབྲེལ་བྱ་སྤྱོད་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་ཀྲུང་གོ་ཚན་རིག་ལག་རྩལ་ཁང་ནས་ཤེས་རྟོགས་བྱུང་བར། 2026ལོའི་དེང་རབས་ཚན་རྩལ་ཁང་ཁོངས་གཏོགས་ཀྱི་མཉམ་འབྲེལ་བྱ་སྤྱོད་དང་རང་བྱུང་ཚན་རིག་རིགས་ཀྱི་རྟེན་མཛོད་ཁང་གི་ཚན་རིག་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཁྱད་ལྡན་ཚན་རིག་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་དང་ལས་རིགས་སྤེལ་རེས་གསོ་སྦྱོང་བྱེད་སྒོ་བརྒྱུད་དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་དང་རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་ནུས་པ་ཆེ་རུ་འགྲོ་བར་རམ་འདེགས་བྱ་རྒྱུ་རེད།

    འདི་ལོའི་མཉམ་འབྲེལ་བྱ་སྤྱོད་ཀྲུང་གོ་ཚན་རྩལ་ཁང་དང་། ཀྲུང་གོ་རང་བྱུང་ཚན་རིག་རྟེན་མཛོད་ཁང་སློབ་ཚོགས་ཀྱིས་དེང་རབས་ཚན་རྩལ་ཁང་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཚན་པ་ཁག་དང་མཉམ་དུ“སྤྲོ་སྣང་ལྡན་པའི་ཚན་རིག རྒྱལ་ཁབ་སྟོབས་ཆེན་དང་མཉམ་དུ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བའི་ནང་། སྤྲོ་སྣང་ལྡན་པའི་ཚན་རིག་གཟའ་འཁོར་དང་། ཆེད་དོན་ཚན་རིག་ཁྱབ་གདལ་བྱེད་སྒོ ལས་རིགས་སྤེལ་རེས་བགྲོ་གླེང་། ཀོན་ཀྲང་གི་ཆེད་དོན་བགྲོ་གླེང་། ཚན་རིག་སློབ་གསོའི་ལག་ལེན་ནུས་པ་ཆེར་གཏོང་ལས་དོན་ཁང་། ས་ཁོངས་ཀྱི་ཁྱད་ལྡན་བྱེད་སྒོ་བཅས་ཕྱོགས་དྲུག་གི་ནང་དོན་ཚུད་ཡོད་པ་རེད།

    དེའི་ནང་ཟླ་ལྔ་པ་ནས་དགུ་པའི་བར། “རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོའི”སྤྲོ་སྣང་ལྡན་པའི་ཚན་རིག་གཟའ་འཁོར་དང“རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཟླ་བའི”སྤྲོ་སྣང་ལྡན་པའི་ཚན་རིག་གཟའ་འཁོར་གྱི་བྱེད་སྒོ་སོ་སོར་སྤེལ་ཏེ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཚན་རིག་ཁྱབ་གདལ་ལ་འགྱུར་བར་སྣང་ཆེན་བྱས་ཏེ་ཚན་རིག་ཁྱབ་གདལ་གྱི་འགྲེམས་རྫས་ཐོག་མ་ཡོངས་བསྒྲགས་དང་སྤུས་ལེགས་ཀྱི་ཚན་རིག་སློབ་གསོའི་ཐོན་ཁུངས་ཚོང་འདུས་སོགས་སྣ་མང་ཅན་གྱི་ཚན་རིག་ཁྱབ་གདལ་གཏོང་སྟངས་བརྒྱུད། སྤྱི་དམངས་ཀྱིས་ཚན་རྩལ་གསར་གཏོད་ལ་རྒྱུས་ལོན་དང་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཟླ་ལྔ་པ་ནས་བརྒྱད་པའི་བར། “དུས་བདེའི་ཀྲུང་གོ”དང་། “བདེ་ཐང་ཀྲུང་གོ” “གྲངས་འཛིན་ཀྲུང་གོ” “མཛེས་སྡུག་ལྡན་པའི་ཀྲུང་གོ”བཅས་ཟླ་རེའི་ཆེད་དོན་ཚན་རིག་ཁྱབ་གདལ་བྱེད་སྒོ་ཆེན་པོ་ཁག་བཞི་སྤེལ་ནས་ཚན་རིག་ཁྱབ་གདལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་དམངས་འཚོའི་དོ་ཁུར་ལ་ཞབས་འདེགས་ཞུ་བའི་ནུས་པ་གལ་ཆེན་ཐོན་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།