དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བརྒྱད་ཀྱིས་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་རྡུང་རྡེག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-20

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་། སྤྱི་བདེ་པུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་གོ་མི་དམངས་དངུལ་ཁང་། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲོམ་ར་ལྟ་འདོམས་ཅུས། རྒྱལ་ཁབ་ཕྱི་དངུལ་ཅུས་བཅས་སྡེ་ཚན་བརྒྱད་ཀྱིས་པེ་ཅིང་དུ་རྒྱལ་ཡོངས་ཀྱིས་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་རྡུང་རྡེག་གཏོང་བའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་། སྡེ་ཚན་བརྒྱད་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ནས་གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་ཕྱོགས་གཉིས་འབྲེལ་མཐུདལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཁྲལ་འཛིན་རྫུན་མ་བཟོས་ནས་ཁྲལ་དངུལ་གཡོ་ལེན་བྱེད་པ་སོགས་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་སྒྲིག་ལམ་བཟང་པོ་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ལོ་གཉིས་རིང་། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་སུ་ཁྲལ་འཛིན་རྫུན་མ་བཟོས་ནས་ཁྲལ་དངུལ་བླངས་པའི་དོགས་གཞི་ཡོད་པའི་ཁེ་ལས་ཁྲི་13ལྷག་ཙམ་ལ་ཞིབ་བཤེར་བྱས་རྗེས། ཕྱི་ཕྱོགས་སུ་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ཁག་ཁྲི་738རྫུན་མ་བཟོས་པ་གཏན་འཁེལ་བྱུང་བ་དང་། ཕྱིར་གཏོང་ལ་ཁ་གཡར་ནས་ཁྲལ་དངུལ་གཡོ་ལེན་བྱེད་མཁན་ཁེ་ལས་ཁག་4850ལ་ཞིབ་བཤེར་བྱས་ནས་ཕྱིར་གཏོང་གི་ཁྲལ་སློག་གྱོང་གུན་སྒོར་དུང་ཕྱུར་246ཚུར་བླངས་ཡོད་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྡེ་ཚན་ཁག་གིས“ཆབ་སྲིད་ལ་སྣང་ཆེན་དང་། ཁྲིམས་སྲུང་བ། གྲངས་འཛིན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཉམ་བཅོས་ལ་དམ་འཛིན་བྱེད་པ། ཡུན་རིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ”བཅས་མཐའ་འཁྱོངས་བྱས་ཏེ། སྲིད་འཛིན་ཁྲིམས་སྒྱུར་ནས་ཉེས་དོན་ཁྲིམས་འཛིན་བར་གྱི་འཁོར་འབྲེལ་ཧྲིལ་པོ་དང་གཞི་གཅིག་ཅན་གྱི་རྡུང་རྡེག་གཏོང་བའི་ལམ་སྲོལ་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་མང་པོའི་གྲངས་གཞི་མཉམ་སྤྱོད་དང་། ཆ་འཕྲིན་འབྲེལ་མཐུད། མཉམ་འབྲེལ་ཞིབ་འཇུག་བརྡར་གཅོད། མཐུན་སྦྱོར་རྡུང་རྡེག་བཅས་གཏིང་ཟབ་ཏུ་གཏོང་བར་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་འཛིན་ཤོག་བཟོ་བ་དང་། ཕྱིར་གཏོང་ཁྲལ་དངུལ་གཡོ་ལེན། ཁྲལ་གྲོན་གཟིགས་སྐྱོང་གཡོ་ལེན་སོགས་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བར་ཤུགས་སྣོན་རྒྱག་པ། གྱོད་དཔེ་དྲངས་ནས་དཔྱ་ཁྲལ་དང་ཁྲིམས་ལུགས་གསལ་འགྲེལ་དང་ཉེན་ཟོན་ཟིལ་གནོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་ཆད་གཅོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།