དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ཁེ་ལས་ཀྱིས་དམའ་དབྱིངས་མཁའ་འགྲུལ་ཡོ་བྱད་ཁག་བརྒྱ་ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-20

    གཞུང་རྒྱུ་ཨུ་ལྷན་གྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི《ཀྲུང་དབྱང་ཁེ་ལས་ཀྱི་དམའ་དབྱིངས་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཀྱི་རྒྱབ་ཤ་དཀར་པོའི་དེབ》ལས་མངོན་པར་གཞིགས་ན། མིག་སྔའི་བར། ཀྲུང་དབྱང་ཁེ་ལས་30ལྷག་ཙམ་གྱིས་དམའ་དབྱིངས་མཁའ་འགྲུལ་ཡོ་བྱད་ཀྱི་བཟོ་དབྱིབས་ཁག་བརྒྱ་ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པ་དེའི་ནང་རྒྱུན་སྤྱོད་མནམ་གྲུ་དང་། བཟོ་ལས་རིམ་པའི་མི་མེད་གནམ་གྲུ། གློག་སྒུལ་ཐད་དཔྱང་འབབ་འཕུར་མཁའ་འགྲུལ་ཡོ་བྱད་སོགས་ཚུད་ཡོད་པ་རེད།

    ཀྲུང་དབྱང་ཁེ་ལས་ཀྱིས་དམའ་དབྱིངས་བཀོལ་སྤྱོད་རྣམ་པ་དེ་དཔེ་སྟོན་ནས་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། རྒྱལ་ཁབ་གློག་དྲས་2013ལོ་ནས་བཟུང་དམའ་དབྱིངས་མཁའ་འགྲུལ་ཡོ་བྱད་དང་མིས་བཟོས་མཐུན་སྦྱོར་སྐོར་ཞིབ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད། 2025ལོའི་ལོ་མཇུག་བར། གཤོག་པ་མང་བའི་མི་མེད་གནམ་གྲུ་ཁྲི་3ལྷག་ཙམ་དང་། མི་མེད་གནམ་གྲུ་ཆེ་འབྲིང་500ལྷག་ཙམ། གཤོག་པ་གཏན་འཇགས་ཀྱི་མི་མེད་གནམ་གྲུ་190ལྷག་ཙམ་བཅས་སྒྲིག་སྦྱོར་བྱས་པ་དང་། ཆན་ཧྥུའུ་220དང་དེ་ཡན་གྱི་མཁའ་འགྲུལ་སྐྱོད་ཆོག་པའི་ཁུལ་གྱི་ལམ་ཐིག་ཏུ་མི་མེད་གནམ་གྲུའི་རང་བདག་སྐོར་ཞིབ་ཐུབ་ཚད་100%ཟིན་ཡོད་པ་རེད། ཀྲུང་གོ་ཞིང་ལས་གསར་སྤེལ་ཚོགས་པས་མི་མེད་གནམ་གྲུའི་ལག་རྩལ་དེ་ཞིང་ལས་ཐོན་སྐྱེད་དང་དོ་དམ་ནང་བཀོལ་སྤྱོད་བྱས་ཤིང་། 2025ལོར་མི་མེད་གནམ་གྲུའི་བཀོལ་སྤྱོད་ཁེབས་ཁྱོན་མུ་མཐུད་ཆེ་རུ་ཕྱིན་པ་དང་ལས་དོན་སྒྲུབ་ཚད་མུའུ་ཁྲི་63ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།