ཆུ་བེད་པུས་ཆུ་མཛོད་ཀྱི་འབྲུབ་དུས་བདེ་འཇགས་ངང་སྒྲོལ་བའི་ལས་དོན་བཀོད་སྒྲིག་བྱས་པ།
ཟླ་4ཚེས་17ཉིན། ཆུ་བེད་པུས་ཆུ་མཛོད་ཀྱི་འབྲུབ་དུས་བདེ་འཇགས་ངང་སྒྲོལ་བའི་བརྙན་ལམ་ཚོགས་འདུ་འཚོགས་ཏེ། ད་ལོའི་ཆུ་མཛོད་ཀྱི་འབྲུབ་དུས་བདེ་འཇགས་ངང་སྒྲོལ་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཆུ་མཛོད་ཀྱི་བདེ་འཇགས་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། འབྲུབ་དུས་ཀྱི་བཀོད་གཏོང་བེད་སྤྱོད་ཇུས་གཞི་དང་ཆུ་མཛོད་དང་རགས་ཆེན་གྱི་བདེ་འཇགས་དོ་དམ(འབྲུབ་འགོག)གྱི་འཕྲལ་སྡོམ་སྔོན་ཇུས་དང་ཉེན་ཁའི་གནས་ཚུལ་ཐག་གཅོད་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ། འགག་རྩའི་ཁུལ་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཆུ་མཛོད་ཀྱི་འབྲུབ་འགོག་དང་ཆུ་མཛོད་ཀྱི་ཤོང་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགག་རྩའི་དུས་སུ་འགག་རྩའི་ནུས་པ་འདོན་ཐུབ་པའི་འགན་ལེན་བྱེད་དགོས། ཆུ་མཛོད་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ཆར་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི“འགོག་སྲུང་འཛིང་རགས་གསུམ”ཏན་ཏིག་སྐྲུན་པ། ཆུ་མཛོད་ཀྱི་ཆུ་ལོག་སྔོན་དཔག་གི་དུས་ཚོད་རིང་དུ་དང་ཆུ་ལོག་གི་སྔོན་བརྡ་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ། ཆུ་མཛོད་དང་རགས་ཆེན་གྱི་བདེ་འཇགས་ལྟ་ཞིབ་ཚད་ལེན་སྒྲིག་བཀོད་འཛུགས་སྐྲུན་དང་། གསར་བརྗེ། གྲངས་རིག་ཅན་གྱི་སྒྱུར་བཀོད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཆུ་མཛོད་ཚང་མའི་གནས་ཚུལ་དུས་ཐོག་དང་གནད་སྨིན་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས། ཆུ་མཛོད་ཀྱི་ཉེན་སེལ་བརྟན་གཏོང་དང་འཁོར་སྐྱོད་བདག་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུ་མཛོད་དང་རགས་ཆེན་གྱི་བདེ་འཇགས་གསལ་འབྱེད་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། དུས་ཐོག་ཏུ་ཉེན་སེལ་བརྟན་གཏོང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། འབྲུབ་དུས་གཙོ་བོར་ཉེན་ཡོད་ཆུ་མཛོད་ཀྱི་ཆུ་གློད་པ། དེང་རབས་ཅན་གྱི་ཆུ་མཛོད་འཁོར་སྐྱོད་དོ་དམ་མ་ལག་སྐྲུན་མགྱོགས་སུ་གཏོང་བ། ཆུ་མཛོད་ཆུང་གྲས་ཀྱི་ཉམས་གསོ་བདག་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆུ་རྒྱུད་ཚན་པར་བྱས་ཏེ་ཆ་ལག་ཚང་བ་དང་། ཚན་རིག་དང་མཐུན་པ། བདེ་འཇགས། གནད་སྨིན་བཅས་ཀྱི་སྒོ་ནས་ཆུ་མཛོད་ཚང་མར་བཀོད་གཏོང་བྱས་ཏེ་རང་འགུལ་དང་། ནུས་ལྡན། གནད་སྨིན་བཅས་ཀྱི་སྒོ་ནས་ཆུ་རྒྱས་ཚད་དང་། ཆུ་ལོག་ཆེ་ཤོས། དེ་བཞིན་ཆུ་ལོག་ཐོན་པའི་བརྒྱུད་རིམ་བཅས་ལ་ཚོད་འཛིན་བྱེད་དགོས། ཉེན་ཁའི་གནས་ཚུལ་ཐག་གཅོད་བྱེད་ནུས་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། “ཆད་པ་གསུམ”དང་དེ་བཞིན་མཚན་མོའི་ཐོལ་བྱུང་ཉེན་ཁའི་གནས་ཚུལ་སོགས་ཀྱི་འབྲུབ་འགོག་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཆས་གསར་པ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་སྔོན་བརྡ་དང་། ཞིབ་འཇུག་བརྡར་གཅོད། ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དམིགས་སའི་རང་བཞིན་གྱིས་ཉེན་སེལ་སྟོབས་ཤུགས་དང་སྒྲིག་ཆས་སོགས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།