དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་རང་རྒྱལ་གྱི་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་གཞི་ཁྱོན་ཏུན་དུང་ཕྱུར་4.17ཟིན་པ།

    བེད་མེད་ངར་ལྕགས་ཚུར་བསྡུ་བྱེད་ཚད་ཀྱིས་སྤྱི་འབོར་གྱི་བཅུ་ཆ་དྲུག་ཡན་བཟུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-20

    ཉེ་ཆར། ཀྲུང་གོ་དངོས་ཟོག་བསྐྱར་སྤྱོད་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་ལས་རིགས་འཕེལ་རྒྱས་ཀྱི་སྙན་ཞུ(2026)》

    ནང་མངོན་པར་གཞིགས་ན། 2025ལོར་རང་རྒྱལ་གྱི་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་ལས་རིགས་སྤྱིའི་ཆ་ནས་བརྟན་པོའི་ངང་འཕར་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ནས་སྣ་ཁ་གཙོ་བོ་11གི་ཚུར་བསྡུའི་སྤྱི་འབོར་ཏུན་དུང་ཕྱུར་4.17ཟིན་པ་དེ་དུས་མཚུངས་ལས་4.1%འཕར་བ་དང་། ཚུར་བསྡུའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.39ཟིན་པ་དེ་དུས་མཚུངས་ལས་3.8%འཕར་ཡོད་པ་རེད།

    དེའི་ནང་། བེད་མེད་ངར་ལྕགས་ནི་ཚུར་བསྡུ་བྱེད་ཚད་མང་ཤོས་ཡིན་པ་དེས་སྤྱི་འབོར་གྱི་བཅུ་ཆ་དྲུག་ཡན་བཟུང་ཞིང་། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་དང་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བའི་སྐུལ་ཁྲིད་འོག བེད་མེད་གློག་རྫས(ཞ་སྐྱུར་གློག་རྫས་ཕུད)དང་། བེད་མེད་འགྱིག་འཁོར། མཁོ་མེད་དུ་བཏང་བའི་འཕྲུལ་སྒུལ་འཁོར་རིགས་བཅས་ཚུར་བསྡུ་བྱེད་ཚད་མངོན་གསལ་དོད་པོས་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།