དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་འཁྲབ་ཚན་ཐུང་གྲས་ཀྱི་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-20

    ཟླ་4ཚེས་15ཉིན། སི་ཁྲོན་ཁྲེང་ཏུར་འགོ་ཚུགས་པའི་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཁྲབ་ཚན་ཐུང་གྲས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཐོག“དུས་རབས་གསར་པའི་བོད་ལྗོངས་གསར་པའི་ལེའུ་གསར་པ”ཞེས་པའི་བོད་ཀྱི་འཁྲབ་ཚན་ཐུང་གྲས་ཀྱི་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་དངོས་སུ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་འཁྲབ་ཚན་ཐུང་གྲས་ཀྱི་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲ་རྒྱའི་ལྟ་ཉན་ལེ་ཚན་དོ་དམ་སི་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་མཛུབ་ཁྲིད་བྱས་པ་དང་། གཙོ་གནད་དྲ་རྒྱའི་ལྟ་ཉན་ལས་སྟེགས་མང་པོས་མཐུན་སྦྱོར་རྒྱབ་སྐྱོར་བྱས་ཡོད། འགྲན་བསྡུར་ཆེན་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུར་དམ་པོར་དམིགས་པ་དང་། “དུས་རབས་ཀྱི་འོད་སྣང”དང་། “མཐུན་སྒྲིལ་གླུ་གཞས” “མི་ཆོས་རིག་གནས་ཀྱི་མཛེས་ཉམས”བཅས་ཀྱི་བརྩམས་ཆོས་ལ་གཞིགས་ནས་4Kདང་AIལག་རྩལ་ལ་བརྟེན་ནས་གསར་རྩོམ་ལ་མཐུན་རྐྱེན་སྦྱོར་བར་སྐུལ་ལྕག་བྱེད་པ་དང་ཆབས་ཅིག འདེགས་སྐྱོར་དང་བྱ་དགའ་སྤྲོད་ཐབས་ལེགས་སུ་བཏང་སྟེ་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།