ཏ་ཧྲི་ཞ་ཆུ་བེད་ལྟེ་གནས་ལས་གྲྭའི་གློག་འདོན་འཕྲུལ་ཚན་གྱི་འཁོར་ཆས་འདེགས་སྒྲིག་ཟིན་པ།

འདི་ནི་ཏ་ཧྲི་ཞ་ཆུ་བེད་ལྟེ་བའི་ལས་གྲྭའི་འཕྲུལ་ཚན་མཇུག་ཤོས(ཨང་3པ)ཀྱི་འཁོར་ཆས་འདེགས་སྒྲིག་ཟིན་པ།
ཟླ་4ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་དུ་གནས་པའི་ཏ་ཧྲི་ཞ་ཆུ་བེད་ལྟེ་གནས་ལས་གྲྭའི་ལས་ཡུལ་དུ་ཚངས་ཐིག་ལ་སྨི་7.956དང་། མཐོ་ཚད་ལ་སྨི་2.97 ལྗིད་ཚད་ལ་ཏུན་560ཡོད་པའི་འཕྲུལ་ཚན་ཨང་3པའི་འཁོར་ཆས་དལ་གྱིས་བཏེགས་ཤིང་། ཡར་འདེགས་པ་དང་། ཕན་ཚུན་གནས་སྤོ་བ། ལེགས་སྒྲིག་ཕྲན་བུ་བྱེད་པ་སོགས་གནད་ལ་འཁེལ་བའི་བཀོལ་སྤྱོད་རབ་དང་རིམ་པ་བྱས་པ་བརྒྱུད། སྒྲིག་སྦྱོར་དཔྱད་གྲངས་ཁག་ཚང་མ་ཇུས་འགོད་ཀྱི་བླང་བྱ་དང་མཐུན་ནས་འདེགས་སྒྲིག་བདེ་བླག་ངང་ཐུབ་ཡོད། དེས་ན་ལས་གྲྭ་དེའི་འཕྲུལ་ཚན་ཡོངས་ཀྱི་འཁོར་ཆས་འདེགས་སྒྲིག་ཟིན་པ་རེད།
ཏ་ཧྲི་ཞ་ཆུ་བེད་ལྟེ་བའི་ལས་གྲྭ་དེ་2019ལོའི་ལོ་མཇུག་ཏུ་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་། ཆུ་རགས་ཆེ་ཤོས་ཀྱི་མཐོ་ཚད་ལ་སྨི་247ཡོད་པ་དེ་ནི་མིག་སྔར་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་འཛམ་གླིང་གི་ཨར་འདམ་ངོས་ལེབ་ཀྱི་བྱེ་རྡོ་དང་རྡོ་ཧྲུག་ལས་གྲུབ་པའི་ཆུ་རགས་མཐོ་ཤོས་དེ་ཡིན་པ་རེད། འཆར་གཞི་ལྟར་ན། 2026ལོའི་ལོ་སྨད་དུ་ལས་གྲྭ་དེའི་འཕྲུལ་ཚན་གསུམ་ཀ་སྤྱོད་འགོ་ཚུགས་ནས་གློག་གཏོང་རྒྱུ་ཡིན་པ་དང་། ལས་གྲྭ་དེ་བསྐྲུན་རྗེས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་18.93ཟིན་པ་དང་དུས་མཚུངས། ཆུ་མཛོད་དུ་ཆུ་ཤོང་ཚད་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་11.7ཟིན་ནས་ལོ་ལྟར་ཐ་ལི་མུའུ་གཙང་པོར་སྐྱེ་ཁམས་ཀྱི་ཆུ་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་34.2གསབ་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།