དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐན་ཙན་ལྕགས་ལམ་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མཛའ་བརྩེ་ཟབ་མོར་བདེན་དཔང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-19

    འདི་ནི་ཙན་པི་ཡའི་ཐན་ཙན་ལྕགས་ལམ་དྲན་གསོའི་གླིང་དུ་ས་གནས་དེ་གའི་མི་ཚོས་ཐན་ཙན་ལྕགས་ལམ་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    ཉེ་ཆར། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་ལས་ཚོགས་པ་ཨ་ཧྥེ་རི་ཁ་ཤར་མའི་ཀུང་སིས་ཐན་ཙན་ནི་ཡའི་ཡུལ་དེ་གའི་སྡེ་ཁུལ་དང་མཉམ་དུ་ཐན་ཙན་ལྕགས་ལམ་བསྐྲུན་ཆེད་ཚེ་སྲོག་བློས་གཏོང་མཁན་འཛུགས་སྐྲུན་པར་ཐུན་མོང་ཐོག་དྲན་གསོ་ཞུས་པ་རེད། མི་མང་པོ་ཞིག་གི་ངོས་ནས་བརྗོད་ན། འདི་ནི་དྲན་གསོའི་བྱེད་སྒོ་ཞིག་ཡིན་པ་མ་ཟད། བརྩེ་སེམས་ཟབ་མོ་མཚོན་པར་བྱེད་པ་ཞིག་དེ་བས་ཀྱང་རེད།

    ཐན་ཙན་ལྕགས་ལམ་ནི་ཨ་ཧྥེ་རི་ཁར་ཡུན་རིང་ཤུགས་རྐྱེན་བཟང་པོ་ལྡན་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་དཔེ་མཚོན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། དཔལ་འབྱོར་རང་ཚུགས་ཡོང་རེ་བྱེད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གལ་འགངས་ཤིན་ཏུ་ཆེ་བའི་ཚེ་སྲོག་གི་ལམ་ཐིག་ཅིག་བཏོད་ཡོད་པ་དང་། ལྕགས་ལམ་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རེ་བ་དང་། བློ་རྩ་བརྟན་པོ། རང་བརྟེན་འཕེལ་རྒྱས་བཅས་ཀྱི་དད་སེམས་ཀྱང་མཚོན་གྱི་ཡོད།

    ཀྲུང་གོའི་བཟོ་སྐྲུན་ལག་རྩལ་ཆེན་མོ་བ་་དང་འཛུགས་སྐྲུན་པ་སྟོང་ཕྲག་མང་པོས་འབོད་སྐུལ་དང་ལེན་གྱིས་མཐའ་ཡས་རྒྱ་མཚོ་བརྒལ་ཏེ་བརྗིད་ཆེའི་ལས་གྲྭ་དེར་ཞུགས་ཡོད། ཐན་ཙན་ལྕགས་ལམ་གྱི་རྒྱལ་ཁོངས་ཐན་ཙན་ནི་ཡ་ཡིན་པའི་ལས་བཟོ་གཡོད་ཧན་གྱིས“པ་ཕས་རྟག་ཏུ་ལྕགས་ལམ་འཛུགས་སྐྲུན་ལ་ཞུགས་མཁན་ཀྲུང་གོའི་ལག་རྩལ་ཆེ་མོ་བ་དེ་དག་གི་གཏམ་རྒྱུད་གསུངས་པ་ད་དུང་བརྗེད་ཀྱི་མི་འདུག ཁོང་ཚོ་ལས་བཀུར་འབད་བརྩོན་ཆེ་བ་དང་རྣམ་གྲངས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཁོང་ཚོའི་འབད་བརྩོན་ལ་ང་ཚོས་ནམ་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད། ད་ཆའི་ཐན་ཙན་ལྕགས་ལམ་གྱི་ལས་བཟོའི་ངོས་ནས་བརྗོད་ན། ལྕགས་ལམ་དེ་ནི་རྨང་གཞིའི་སྒྲིག་བཀོད་ཅིག་ཡིན་པ་མ་ཟད། ཐུན་མོང་གི་ཤུལ་བཞག་ཅིག་དེ་བས་ཀྱང་ཡིན་ཞིང་། ཀྲུང་གོ་ལྕགས་ལམ་འཛུཌ་སྐྲུན་བཟོ་སྐྲུན་ཚོགས་པ་ཨ་ཧྥེ་རི་ཁ་ཤར་མའི་ཀུང་སིའི་ལས་མི་ལི་ཡོན་ཧང་གིས“ལྕགས་ལམ་ནི་ང་ཚོའི་མཛའ་གྲོགས་ཀྱི་མཚོན་རྟགས་ཤིག་རེད།

    —— ཐན་ཙན་ནི་ཡའི《ཉིན་རེའི་གསར་འགྱུར》གྱི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།