དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཡུལ་སྐོར་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་ལས་རིགས་ཀྱི་ཚད་གཞི་བསྐྱར་དུ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-19

    འདི་ནི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཧུའེ་རྫོང་ཏ་ཧོ་ཏན་གྲོང་རྡལ་ཡའོ་ཀྲོང་གྲོང་ཚོར་ཡུལ་སྐོར་བས་མུའུ་ཁྲི་ཡི་པད་ཁའི་མེ་ཏོག་ལ་ལྟ་བཞིན་པ།

    ད་ཆ་ཀྲུང་གོས་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་ལོ་ལྟར་མི་ཐེངས་དུང་ཕྱུར་60ལས་བརྒལ་བའི་ཟིལ་གནོན་རང་བཞིན་གྱི་ལེགས་ཆར་བརྟེན་ནས་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ཀྱི་སྣེ་ཁྲིད་བྱེད་ཀྱི་ཡོད། དེ་ནི་རྨང་གཞིའི་སྒྲིག་བཀོད་དང་། མི་འབོར། དེ་བཞིན་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པའི་འབྱོར་འབྲིང་ཚོགས་སྤྱི་བཅས་ཀྱི་ལེགས་ཆའི་ཁྲོད་ནང་གནས་སྒུལ་ཤུགས་ཀྱིས་སྐུལ་བའི་ཀྲུང་གོའི་ཡུལ་སྐོར་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་ལས་རིགས་ཀྱི་ཚད་གཞི་བསྐྱར་དུ་གཏོད་བཞིན་ཡོད་པ་རེད།

    ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་འཕར་སྣོན་སྒུལ་ཤུགས་གཙོ་བོ་ནི་རྒྱལ་ནང་གི་ཁྲོམ་ར་ཡིན། མི་འབོར་དུང་ཕྱུར་14ལྷག་ཙམ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་འབྱོར་འབྲིང་ཚོགས་སྤྱིར་བརྟེན་ནས་ཀྲུང་གོས་རང་མཁོ་རང་སྒྲུབ་ཀྱི་ཡུལ་སྐོར་སྐྱེ་ཁམས་མ་ལག་ཅིག་བསྐྲུན་ཡོད།

    ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་ལེགས་ཆའི་གནས་བབ་ཀྱི་འགག་རྩའི་ཀ་རྟེན་ནི་རྨང་གཞིའི་སྒྲིག་བཀོད་ཡིན་ཞིང་། ཀྲུང་གོར་གོ་ལ་ཧྲིལ་པོའི་མྱུར་བགྲོད་ལྕགས་ལམ་གྱི་དྲ་རྒྱ་ཆེ་ཤོས་ཡོད་པ་དེས་གྲོང་ཁྱེར་ཆེ་གྲས་ཁག་དང་ས་ཁོངས་ཀྱི་ལྟེ་བ་འབྲེལ་མཐུད་ཐུབ་ཡོད། མཁའ་འགྲུལ་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་། མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་མ་ལག་གིས་འགྲུལ་རྒྱུན་འབོར་ཆེན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། དངོས་གཞིའི་རྨང་གཞིའི་སྒྲིག་བཀོད་དེའི་སྟེང་དུ་སྔོན་ཐོན་གྱི་གྲངས་འཛིན་སྐྱེ་ཁམས་མ་ལག་ཡོད། སྒུལ་བདེའི་གཏོང་སྤྲོད་དང་། APP གཞི་གཅིག་ཅན་གྱི་སྔོན་མངགས་ལས་སྟེགས་བཅས་ཀྱིས་ཡུལ་སྐོར་གྱི་ལྷུ་ཚིགས་ཚང་མའི་འགལ་རྐྱེན་བསལ་ཡོད། དེ་ལས་ཐོབ་པའི་བསྡོམས་ཚིག་སྟབས་བདེ་ཞིང་ནུས་པ་ལྡན་པ་སྟེ། ཀྲུང་གོར་ཡུལ་སྐོར་འགྲོ་བདེ་ལ་མགྱོཌ་པ་ཞིག་ཡོད། ཀྲུང་གོ་དང་འདྲ་བའི་མི་འབོར་གྱི་གཞི་ཁྱོན་དང་། ཕྱིར་སྐྱོད་ཚད། འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཧྲིལ་པོ་བཅས་ཟུང་འབྲེལ་ཡག་པོ་བྱེད་ཐུབ་མཁན་རྒྱལ་ཁབ་གཅིག་ཀྱང་མེད།

    —— ཨ་རིའི“གོ་ལ་ཧྲིལ་པོའི་ཡུལ་སྐོར་གསར་འགྱུར་དང་དེ་བཞིན་ཡུལ་སྐོར་ལས་རིཌ་ཀྱི་འཕྲིན་སྤེལ”དྲ་ཚིགས་ཀྱི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།