ནང་སོག་པའོ་ཐོའུ་རུ་གྲོང་ཚོ་ཆུང་ཆུང་རིག་གནས་ཡུལ་སྐོར་གྱི་གནས་རྟགས་གསར་པར་གྱུར་པ།

ཉེ་བའི་ལོ་ཤས་རིང་། ནང་སོག་པའོ་ཐོའུ་གྲོང་ཁྱེར་གྱི་ཤིས་ཐུའུ་མཐོ་གསར་ཁུལ་གྱིས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཧྭ་ཅང་ཡིང་ཙེ་གྲོང་ཚོར་རྨ་ཆུའི་ངོགས་སུ་གནས་པའི་ས་བབ་ཀྱི་ལེགས་ཆ་འདོན་དུ་བཅུག་པ་དང་གྲོང་ཚོའི་བེད་མེད་དུ་ལུས་པའི་ཐོན་ཁུངས་དག་བེད་སྤྱོད་གང་ལེགས་བྱས་ཏེ། བཟའ་བཏུང་དང་། དམངས་སྲོལ་གནས་ཚང་། ཚོང་ལས་སོགས་ནུས་པ་སྣ་མང་གཞི་གཅིག་ཏུ་འདུས་པའི“རྨ་ཆུའི་གྲོང་ཚོ་དང་པོའི”ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་པས། སྔོན་ཆད་ཀྱི་གྲོང་ཚོ་ཆུང་ཆུང་དེ་པའོ་ཐོའུ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་གནས་རྟགས་གསར་པར་གྱུར་ནས་ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཡོད་ཅིང་། འདི་ནི་ཧོ་ཅང་ཡིང་ཙེ་གྲོང་ཚོར་གནས་པའི“གནམ་འོག་གི་རྨ་ཆུའི་གྲོང་ཚོ་དང་པོའི”མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།