དངུལ་རྩའི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་དངུལ་ཁུག་ལེགས་པར་བསྲུངས།


ཉེ་ཆར། ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་ཡིད་རྟོན་གཱ་ལྟེ་གནས་ཀྱིས་གྲོང་ནུབ་ཉིང་ལག་དངུལ་ཁང་དང་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཁྲོམ་གཞུང་དང་ཚོང་ཁང་ཁག་ཏུ་བསྐྱོད་དེ“ཁྲིམས་འགལ་གྱི་ཚབ་གཉེར་བཀག་འགོག་བྱས་ནས་མ་དངུལ་གྱི་བདེ་འཇགས་སྲུང་བའི”ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་ཚོང་དུད་ལ་དངུལ་རྩའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་པ་ཚོང་དུད་100ལྷག་ཙམ་ལ་བསྐྱོད་དེ་ཉེན་ཁ་འགོག་ཟོན་གྱི་ལག་དེབ་རྐང་150ལྷག་ཙམ་སྤྲད་པ་དང་མི་30ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་ཏེ་ཉེན་ཁ་འགོག་ཟོན་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་བ་རེད།
པར་འདི་གཉིས་ནི་ཞིང་ལས་དངུལ་ཁང་གི་ལས་དོན་མི་སྣས་ཚོང་དུད་ལ་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།