དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ན་ནིང་ནས་བཟུང་12351ཐད་སྦྲེལ་ཁ་པར་བརྒྱུད་ལས་མིའི་གླ་ཆ་སྒོར་ཁྲི་1077ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-19

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་བར། 2025ལོ་ནས་བཟུང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་12351ཐད་སྦྲེལ་ཁ་པར་ལ་ལས་མིའི་རེ་ཞུ་ཐེངས་7221འབྱོར་བ་དང་། རེ་ཞུ་དུས་ཐོག་ཏུ་ཐག་གཅོད་ཐུབ་ཚད་95.83%ཟིན་ཞིང་། རིམ་རྩིས་བརྒྱབ་ན་ལས་མིར་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་1077ལེན་རོགས་བྱས་པས་ལས་མི་བློ་ཡིད་ཚིམ་ཚད་99.94%ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལས་མིས་ཁ་པར་ནས་རེ་ཞུ་བྱེད་པ་གཙོ་བོ་ངལ་རྩོལ་དཔལ་འབྱོར་གྱི་ཁེ་དབང་རིགས་དང་། ངལ་རྩོལ་འབྲེལ་བའི་རྩོད་གཞིའི་རིགས། སྲིད་ཇུས་ཁྲིམས་སྲོལ་གྱི་བློ་འདྲིའི་རིགས། སེམས་ཁམས་བདེ་ཐང་གི་མཛུབ་ཁྲིད་རིགས། ཞབས་ཞུ་རོགས་སྐྱོབ་རིགས་གཞན་དག་བཅས་ཀྱི་སྐོར་ཡིན་ཞིང་། རེ་ཞུ་དེ་དག་ལ་ལས་ཆོད་ཆེན་པོས་ལན་བསློགས་ཆེད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“གཅིག་གྱུར་ཐོག་ཉན་པ་དང་། རིགས་དབྱེ་བཀོད་སྒྲིག དུས་བཅད་ཐག་གཅོད། རྗེས་སྙེག་འདྲི་རྟོག”བཅས་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་དོ་དམ་གྱི་ལམ་སྲོལ་བཙུགས་པ་དང་། ཆུ་ཚོད་7×24ཡི་རིང་ཆེད་མིས་ཁ་པར་ལེན་གྱི་ཡོད།

    སྤྱིར་བཏང་གི་བློ་འདྲིའི་རིགས་ཀྱི་རེ་ཞུ་ཡིན་ན། རང་སར་ལན་བརྒྱབ་སྟེ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། རྙོག་འཛིང་ཆེ་བའི་རིགས་ཀྱི་རེ་ཞུ་ཡིན་ན། ལས་ཀའི་ཉིན་མོ་1གི་ནང་ཚུན་དུ་ཡིག་ཚགས་བཟོ་བ་དང་། ལས་འགན་ཁག་བགོས། སྒྲུབ་གཉེར་གྱི་དུས་ཚད་དང་འགན་འཁྲི་འཁུར་མཁན་གཙོ་བོ་གཏན་འཁེལ། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་ལྟ་སྐུལ་བཅས་བྱེད་ཀྱི་ཡོད། གཙོ་གནད་རེ་ཞུའི་གྱོད་གཞི་ཡིན་ན། འཕྲལ་དུ་ཆེད་ལས་མི་སྣ་དང་མཉམ་འགུལ་གྱིས་རིན་མེད་ངང་བཅའ་ཁྲིམས་བློ་འདྲི་དང་ཆེད་དོན་གྱི་ཁེ་དབང་སྲུང་སྐྱོང་གི་ཞབས་འདེགས་ཞུ་གི་ཡོད། ལྷག་པར་དུ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་གཅོད་བྱེད་པའི་ཐད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དམིགས་གཏད་ཤུགས་འདོན་དང་གནད་སྨིན་ཇུས་འདོན་མཐའ་འཁྱོངས་ཀྱིས་བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་གྱི“འཕྲིན་གཅིག་ཡིག་གཉིས”སོགས་ཀྱི་བྱ་ཐབས་སྤྱད་དེ། གླ་ཆ་འགྱངས་ཆད་ཀྱི་ཁུངས་སྣེ་སྔོན་ལ་བདག་སྤྲོད་དང་། སྒྲུབ་སྤྲོད། སྒྲུབ་སྐུལ་བཅས་བྱེད་པ་དང་། མི་སྤྱི་དང་། ཁྲིམས་འཛིན། ཁྲིམས་ཁང་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱེད་པར་ཤུགས་སྣོན་བརྒྱབ་ནས། ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་ཞིབ་བཤེར་མགྱོགས་མྱུར་དང་ཐག་གཅོད་གནད་སྨིན་ཡོང་བ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།