དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་ཐེ་ཧ་ཏེ་མཁའ་འགྲུལ་ཀུང་སིས་ཀྲུང་གོའི་མཁའ་ལམ་མང་དུ་བཏང་ནས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-18

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨབ་ཀྲ་པེ་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་མཁའ་འགྲུལ་ཀུང་སི་ཨ་ཐེ་ཧ་ཏེ་མཁའ་འགྲུལ་ཀུང་སིས་གཟའ་འཁོར་རེར་དུས་གཏན་གནམ་གྲུ་གཏོང་ཐེངས་28ཟིན་པའི་ཀྲུང་གོའི་མཁའ་ལམ་5མང་དུ་བཏང་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་ཕན་ཚུན་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད་ཅེས་ཡོངས་བསྒྲགས་བྱས་པ་རེད།

    མང་དུ་བཏང་བའི་མཁའ་ལམ་གྱིས་ཨབ་ཀྲ་པེ་དང་ཀྲུང་གོའི་ཧྲང་ཧའེ་དང་། ཀོང་ཀྲོའུ། ཁྲེང་ཏུའུ། ཧང་ཀྲོའུ། ཧྲེན་ཀྲེན་བཅས་སྦྲེལ་མཐུད་བྱ་རྒྱུ་ཡིན་ཞིང་། མཁའ་ལམ་དེ་དག་ད་ལོའི་ཟླ་10པར་རིམ་གྱིས་སྤྱོད་འགོ་ཚུགས་རྒྱུ་རེད།

    ཨ་ཐེ་ཧ་ཏེ་མཁའ་འགྲུལ་ཀུང་སིའི་ལས་དོན་པས། བྱ་སྤྱོད་དེས་ཕྱོགས་གཉིས་པོའི་ཚོང་དོན་དང་། ཡུལ་སྐོར། མ་འཇོག་བཅས་ཀྱི་འགྲོ་འོང་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་། མཁོ་སྤྲོད་འཁོར་འབྲེལ་བགྲོད་ལམ་གཙོ་བོའི་ཟོག་འདྲེན་ནུས་པ་ཆེ་རུ་གཏོང་རྒྱུ་མ་ཟད། ཀྲུང་གོས་དབུས་ཤར་དང་། ཨེ་ཧྥེ་རི་ཁ། ཡོ་རོབ། མེ་གླིང་བྱང་མ་བཅས་ཀྱི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་མཁན་གཙོ་བོ་ཡིན་པའི་ཨབ་ཀྲ་པེའི་ལྟེ་བའི་གནས་བབ་ཆེ་རུའང་གཏོང་རྒྱུ་རེད་ཅེས་བརྗོད།

    ཀུང་སིའི་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུའུ་ཧན་མུའུ་ཏི·ཨ་ལི·ཧྲུའུ་ལ་ཧྥ་ཡིས། ད་ཐེངས་མཁའ་ལམ་མང་དུ་བཏང་བ་དེས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་ཕྱིན་ནས་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད་ཅེས་བརྗོད།

    ཨ་ཐི་ཧ་ཏེ་མཁའ་འགྲུལ་ཀུང་སི་ནི་2003ལོར་བཙུགས་པ་དང་། མཁའ་ལམ་གྱི་དྲ་རྒྱ་དེ་དབུས་ཤར་དང་། ཡོ་རོབ། ཨ་ཧྥེ་རི་ཁ། མེ་གླིང་བྱང་མ་སོགས་ཀྱི་ས་ཁུལ་ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།