ལན་ཧྭ་བྱ་དགའི་གོ་ལ་ཧྲིལ་པོའི་བརྩམས་ཆོས་འཚོལ་བསྡུ་སྐབས་གསུམ་པ་དངོས་སུ་འགོ་ཚུགས་པ།
ཟླ་4ཚེས་15ཉིན། ལན་ཧྭ་བྱ་དགའི་གོ་ལ་ཧྲིལ་པོའི་བརྩམས་ཆོས་འཚོལ་བསྡུ་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་80ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ལན་ཧྭ་བྱ་དགའ་ནི་ཀྲུང་གོ་ཕྱི་སྐད་ཅུས་ཀྱིས་2022ལོར་འགོ་བཙུགས་ནས་སྤེལ་བ་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོར་ཕྱོགས་པའི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་བྱ་དགའ་ཆེན་པོ་གལ་ཆེན་ཞིག་ཡིན། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་ཧུར་ཐག་བསྟར་ནས་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མི་ཆོས་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད་རེད། བྱེད་སྒོ་དེས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཀྲུང་ཧྭའི་རིག་གནས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཕྱི་ཁོངས་མི་སྣ་དང་སྒྲིག་གཞིར་གཟེངས་བསྟོད་དང་བྱ་དགའ་སྤྲོད་ཅིང་། ད་བར་སྐབས་གཉིས་གཉེར་ཡོད། 2026ལོའི་ཟླ་3པར་ལན་ཧྭ་བྱ་དགའི་སྤུས་རྟགས་བྱེད་སྒོ་སྤེལ་ནས་དེ་ཉིད་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་གསལ་པོར་བཀོད་ཡོད་པ་རེད།
ཀྲུང་གོ་ཕྱི་སྐད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཡུན་ཆོན་གྱིས། མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་བས་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་པའི་སྐབས་སུ་ལན་ཧྭ་བྱ་དགའ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞི་འཛིན་རེས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱེད་པར་སྐུལ་འདེད་གཏོང་བ། ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེའི་གོ་ལ་ཧྲིལ་པོའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་བྱ་རྒྱུ་དེ་དུས་གང་ཞིག་ལས་ཀྱང་དེ་བས་ཁ་ཚ་དགོས་གཏུག་དང་དེ་བས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱི་སྐད་ཅུས་ཀྱིས་ཕྱོགས་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལན་ཧྭ་བྱ་དགའི་བརྩམས་ཆོས་འཚོལ་བསྡུ་སྐབས་གསུམ་པའི་དཔྱད་འདེམས་གཟེངས་བསྟོད་དང་དེ་བཞིན་ལེ་ལག་བྱེད་སྒོ་རབ་དང་རིམ་པ་མཉམ་དུ་ཡག་པོ་གཉེར་གྱི་ཡིན་ཞེས་བརྗོད།
ལན་ཧྭ་བྱ་དགའི་རྒྱལ་སྤྱིའི་དཔྱད་འདེམས་ཨུ་ལྷན་གྱི་འཐུས་མི་དང་ཀྲུང་གོར་བཅའ་སྡོད་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོ་ཁང་གི་དེ་སྔའི་རིག་གནས་ཚན་ཙན་མོང་ཧྥེ་ཞོན་གྱིས་ལན་ཧྭ་བྱ་དགའ་ནི་རྒྱལ་སྤྱིའི་གླེང་མོལ་དང་། རིག་གནས་སྤེལ་རེས། མི་དམངས་ཕན་ཚུན་ཤེས་རྟོགས་བཅས་དར་སྤེལ་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག་ཡིན་པ་མ་ཟད། བྱ་དགའ་ཐོབ་མཁན་དང་ཀྲུང་ཕྱིའི་དཔྱད་འདེམས་ཨུ་ལྷན་གྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་མཉམ་དུ་ལག་བསྟར་བྱེད་པར་བློ་ལ་བབས་པའི་བར་མཐོངས་མཁོ་འདོན་བྱས་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།