བཟོ་སྐྲུན་འཕྲུལ་ཆས་ལས་རིགས་ཀྱི་འཕེལ་ཚད་རྒྱུན་མཐུད་འཕར་བ།
གསར་འགོད་པར་ཀྲུང་གོ་བཟོ་སྐྲུན་འཕྲུལ་ཆས་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར། སྔོག་འཕྲུལ་བཟོ་སྐྲུན་ཁེ་ལས་གཙོ་བོས་ཁྱོན་བསྡོམས་སྔོག་འཕྲུལ་73336ཕྱིར་ཚོང་བྱས་པ་དེ་དུས་མཚུངས་ལས་19.5%འཕར་ཞིང་། དེའི་ནང་རྒྱལ་ནང་དུ་39579བཙོངས་པ་དེ་དུས་མཚུངས་ལས་8.25%འཕར་བ་དང་། 33757ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་36.1%འཕར་ཡོད།
ས་བླུག་འཕྲུལ་འཁོར་ཐད། དུས་ཚིགས་དང་པོར་ས་བླུག་འཕྲུལ་འཁོར་བཟོ་སྐྲུན་ཁེ་ལས་གཙོ་བོས་ཁྱོན་བསྡོམས་ས་བླུག་འཕྲུལ་འཁོར་སྣ་ཚོགས་38325ཕྱིར་ཚོང་བྱས་པ་དེ་དུས་མཚུངས་ལས་25.4%འཕར་ཞིང་། དེའི་ནང་རྒྱལ་ནང་དུ་18677བཙོངས་པ་དེ་དུས་མཚུངས་ལས་14%འཕར་བ་དང་། 19648ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་38.5%འཕར་ཡོད།
སྔོག་འཕྲུལ་དང་ས་བླུག་འཕྲུལ་འཁོར་ནི་བཟོ་སྐྲུན་འཕྲུལ་ཆས་ལས་རིགས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་འབོར་མང་ཤོས་ཀྱི་ཐོན་རྫས་རིགས་གཉིས་ཡིན། ཕྱོགས་བསྡུས་ནས་བལྟས་ན། རྒྱལ་ཁབ་ཕྱི་ནང་གི་དགོས་མཁོ་ཆེ་རུ་ཕྱིན་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་བཟོ་སྐྲུན་འཕྲུལ་ཆས་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། ཕྱིར་གཏོང་བྱེད་ཚད་ཆེ་རུ་ཤུགས་ཆེན་འགྲོ་བ་དེ་ནི་བཟོ་སྐྲུན་འཕྲུལ་ཆས་ཁེ་ལས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཐབ་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཞིག་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།