དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་དུས་ཚིགས་དང་པོར་བདེ་འཇགས་དང་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-18

    གསར་འགོད་པར་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་གསུམ་པའི་བར། འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་འཁོར་སྐྱོད་ཡག་པོ་བྱུང་ནས་འབྲི་ཆུའི་ཆུ་མཁོ་འདོན་གྱི་བདེ་འཇགས་དང་། ཆུ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས། ནུས་རྒྱུའི་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་འགན་སྲུང་བྱ་ཆེད་སྲ་ཞིང་བརྟན་པའི་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད།

    འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་ནི་འབྲི་ཆུའི་ཐོག་གི་ཝུའུ་ཏུང་ཏེ་དང་། པེ་ཧོ་ཐན། ཞི་ལུའོ་ཏུའུ། ཤང་ཅ་པཱ་ཆུ་རགས། འགག་གསུམ། ཀེ་ཀྲོའུ་པཱ་ཆུ་རགས་བཅས་གློག་ཁང་ཆེ་གྲས་དྲུག་ལས་གྲུབ་པ་དང་། གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་7169.5ཟིན་གྱི་ཡོད། འགག་གསུམ་ཚོགས་པས་ཚན་རིག་དང་མཐུན་པའི་སྒོ་ནས་སྐས་རིམ་གློག་ཁང་གི་ཞིབ་བཤེར་ཉམས་བཟོའི་འཆར་གཞི་གཅིག་གྱུར་སྤྱི་འདོམས་བྱས་ཏེ་གློག་འདོན་ས་ཚིགས་འཁོར་སྐྱོད་བྱེད་སྟངས་ལེགས་སུ་དང་འཕྲུལ་ཚན་གྱི་གློག་སྤྱོད་མང་ཤོས་སྐབས་ཀྱི་གློག་འདོན་ནུས་པ་ཆེ་རུ་བཏང་ཡོད། ཟླ་དང་པོ་ནས་གསུམ་པའི་བར། འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་ཀྱི་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་618ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་7.19%འཕར་བ་དང་། ཆུ་འདྲེན་གནས་ཚུལ་དང་། གློག་ཤུགས་ཐེག་ཚད་ཀྱི་དགོས་མཁོ། སྨད་རྒྱུད་ཀྱི་ཆུ་སྤྱོད་དགོས་མཁོ་བཅས་དང་ཟུང་འབྲེལ་བྱས་ཏེ་བབ་བསྟུན་ངང་ལེགས་སྒྲིག་དང་བཀོད་གཏོང་བྱས་ཡོད། དུས་ཚིགས་དང་པོའི་དུས་མཇུག་བར་སྐས་རིམ་ཆུ་མཛོད་ནས་དུས་འཁོར་གྱི་ཆུ་ཆུང་བའི་དུས་སུ་རིམ་རྩིས་བརྒྱབ་ན་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་203ལྷག་ཙམ་བཏང་ནས་འབྲི་ཆུའི་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆུ་སྤྱོད་འགན་ལེན་བྱས་པ་དང་དུས་མཚུངས། སྨད་རྒྱུད་ཀྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ཆུའི་ཆ་རྐྱེན་ལེགས་སུ་བཏང་ནས“ཆུ་ལམ་གཙོ་བོའི”སྐྱེལ་འདྲེན་ཕན་ནུས་ཆེ་རུ་འགྲོ་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།