དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་རྒྱལ་སྤྱིའི་སྐྱེད་ཚལ་འགྲེམས་ཚོགས་སྐབས་བཅོ་ལྔ་པ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-18

    ཟླ་4ཚེས་15ཉིན། ཀྲུང་གོ་རྒྱལ་སྤྱིའི་སྐྱེད་ཚལ་འགྲེམས་ཚོགས་སྐབས་བཅོ་ལྔ་པ་ཀྲེ་ཅང་དབུན་ཀྲོའུ་རུ་གཉེར་འགོ་ཚུགས་པ་རེད།

    སྐྱེད་ཚལ་འགྲེམས་ཚོགས་ནི་རང་རྒྱལ་གྱིས་གཉེར་བའི་སྐྱེད་ཚལ་སྔོ་འགྱུར་ཁྱབ་ཁོངས་ཀྱི་རིམ་པ་མཐོ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒྱལ་སྤྱིའི་སྐྱེད་ཚལ་འགྲེམས་ཚོགས་ཤིག་ཡིན་ཞིང་། 1997ལོར་གཉེར་འགོ་བཙུགས་ཚུན། ཐོག་མའི་མེ་ཏོག་གི་སྐྱེད་ཚལ་འགྲེམས་སྟོན་བྱེད་པ་ནས་ད་ཆ་སྐྱེ་ཁམས་སླར་གསོ་དང་། གྲོང་ཁྱེར་གསར་སྒྱུར། རིག་གནས་རྒྱུན་འཛིན་བཅས་མཉམ་འདྲེས་བྱས་ཏེ་སྐྱེ་ཁམས་མཛེས་པ་དང་། རིག་གནས་སྙིང་དོན་ཟབ་པ། དམངས་འཚོའི་བདེ་རྩ་སྐྲུན་པ་བཅས་ཀྱི་སྐྱེད་ཚལ་གྲོང་ཁྱེར་ཞིག་ཏུ་བཏོད་དེ། ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    སྐབས་འདིའི་སྐྱེད་ཚལ་འགྲེམས་ཚོགས་ཀྱིས“སྙན་ངག་པར་རིས་ལས་རི་མཚོ་མངོན། ལྗང་མདོག་འཚོ་བར་མཉམ་དུ་རོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“མི་སེར་གྱི་སྐྱེད་ཚལ་འགྲེམས་ཚོགས་དང་། རྒྱལ་སྤྱིའི་སྐྱེད་ཚལ་འགྲེམས་ཚོགས། གདོང་ལེན་སྐྱེད་ཚལ་འགྲེམས་ཚོགས། རིག་གནས་སྐྱེད་ཚལ་འགྲེམས་ཚོགས། གྲོང་ཁྱེར་ཡོངས་ཀྱི་སྐྱེད་ཚལ་འགྲེམས་ཚོགས”བཅས་ཕྱོགས་སྒྱུར་བྱེད་ཕྱོགས་ཆེན་པོ་ལྔ་ལ་དམིགས་ཤིང་། གྲོང་ཁྱེར་གསར་སྒྱུར་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། བེད་མེད་གཏེར་དོང་སྤྱད་དེ་སྐྱེ་ཁམས་སླར་གསོ་བྱེད་པ། ཆུ་བེད་སྙོམས་སྒྲིག་ལས་གྲྭར་བརྟེན་ནས་གྲོང་ཁྱེར་གྱི་མཉེན་ཆ་ཆེ་རུ་གཏོང་བ། རི་ཆུ་ངོ་མ་རང་སོར་འཇོག་པ། ཕར་ཆིན་རྒྱག་པའི་ལག་རྩལ་ཡག་པོ་སྤྱོད་པ། སྐྱེད་ཚལ་གྱི་མཛེས་ལྗོངས་གྲོང་ཁྱེར་གྱི་ཡུལ་ལྗོངས་དང་མཉམ་འདྲེས་ཐུབ་པ། སྐྱེད་ཚལ་སྒྱུ་རྩལ་གྱིས་མི་སེར་གྱི་འཚོ་བར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁོར་ཡུག་མཛེས་སུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    སྐབས་འདིའི་སྐྱེད་ཚལ་འགྲེམས་ཚོགས་ཀྱིས“ཚོགས་ར་གཙོ་བོ་1དང་། ཡན་ལག་ཚོགས་ར་13 འགྲེམས་ཚོགས་ས་ཚིགས་49”བཅས་ཀྱི་གྲོང་ཁྱེར་ཡོངས་ཀྱི་འགྲེམས་ཚོགས་ཀྱི་དཔེ་དབྱིབས་གསར་གཏོད་བྱས་ནས“ལྟེ་གཅིག་གནས་མང་། གྲོང་ཁྱེར་སྐྱེད་ཚལ་མཉམ་སྐྲུན”ཀྱི་དཔེ་མཚོན་གཏོད་རྒྱུར་གཞོལ་ཡོད།

    སྐབས་འདིའི་སྐྱེད་ཚལ་འགྲེམས་ཚོགས་དེ་དུས་ཡུན་ཉིན་100གཉེར་རྒྱུ་ཡིན་ཞིང་། “སྐྱེ་ཁམས་ཀྱི་མཐུན་རྐྱེན་སྦྱོར་བ་དང་། རིག་གནས་གསར་སྤེལ། ཐོན་ལས་རིམ་སྤོར། རྒྱལ་སྤྱིའི་གླེང་མོལ”བཅས་བརྗོད་དོན་ཆེན་པོ་བཞིར་དམིགས་ནས“སྐྱེད་ཚལ་འགྲེམས་ཚོགས་དང་རིག་གནས་ཡུལ་སྐོར”དང་། “སྐྱེད་ཚལ་འགྲེམས་ཚོགས་དང་ལང་ཚོ” “སྐྱེད་ཚལ་འགྲེམས་ཚོགས་དང་འཚོ་བ” “སྐྱེད་ཚལ་འགྲེམས་ཚོགས་དང་ཚན་རྩལ” བཅས་ཟུང་འབྲེལ་གྱི་རྣམ་པ་གསར་པ་རབ་དང་རིམ་པ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།