དུས་ཚིགས་དང་པོར་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་1.85ཟིན་པ།
དུས་མཚུངས་ལས་13.5%འཕར་བ།
ཉེ་ཆར། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2026ལོའི་དུས་ཚིགས་དང་པོའི་གནས་སྤོས་ཡུལ་མི་དོ་དམ་གྱི་གྲངས་གཞི་གཙོ་བོ་དང་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཚུན་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིས་རྒྱལ(མཐའ་མཚམས)མཚམས་དོ་དམ་ལ་གནོད་འཚེ་བཏང་བའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ་དང་གནས་སྤོས་ཡུལ་མི་དོ་དམ་ཁྱབ་ཁོངས་ཀྱི་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་། རྒྱལ་མཚམས་མཐའ་མཚམས་བརྟན་ལྷིང་དང་རྒྱལ་མཚམས་ནས་རྒྱུན་གཏན་ལྟར་འཛུལ་སྒྲོལ་བྱེད་པའི་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་1.85ལ་ལྟ་བཤེར་བྱས་པ་དེ་དུས་མཚུངས་ལས་13.5%འཕར་བ་དང་། དེའི་ནང་ནང་སའི(སྐམ་ས་ཆེན་པོ)གྲོང་མི་མི་ཐེངས་ཁྲི་9166.2དང་། ཀང་ཨའོ་ཐའེ་བཅས་ཀྱི་གྲོང་མི་མི་ཐེངས་ཁྲི་7249.1 ཕྱི་རྒྱལ་བ་མི་ཐེངས་ཁྲི་2133.3བཅས་ཟིན་པ་དེ་དུས་མཚུངས་ལས་14.2%དང་། 10.3% 22.3%བཅས་ཁག་སོ་སོར་འཕར་བ་དང་། ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་831.5ཟིན་པ་དེས་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བ་ཡོངས་ཀྱི་77.9%བཟུང་ནས་དུས་མཚུངས་ལས་29.3%འཕར་ཡོད། རིམ་རྩིས་བརྒྱབ་ན་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཐེངས་ཁྲི་1009.8(མེ་འཁོར། གྲུ་གཟིངས། རླངས་འཁོར)ལ་ལྟ་བཤེར་བྱས་པ་དེ་དུས་མཚུངས་ལས་18.9%འཕར་ཡོད།
དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིས་གནས་སྤོས་ཡུལ་མི་དོ་དམ་ཁྱབ་ཁོངས་ཀྱི་ལམ་ལུགས་རྣམ་པའི་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཧོ་པེ་སོགས་ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)7དུ་དྲ་ཐོག་ནས་ཕྱི་རྒྱལ་བའི་མགྲོན་ཁང་ཕུད་པའི་ཞག་སྡོད་ཐོ་འགོད་ཚོད་ལྟའི་ངང་ཁྱབ་གདལ་བཏང་སྟེ་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་པའི་ལག་ཁྱེར་སྣ་ཚོགས་ཀྱི་རེ་ཞུ་སྟབས་བདེ་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། སྤྱིར་བཏང་གི་རྒྱལ་སྒྲོལ་ལམ་ཡིག་བསྡོམས་ཁྲི་520.1ཆོག་མཆན་བཀོད་ནས་སྤྲད་པ་དང་། ནང་སའི(སྐམ་ས་ཆེན་པོ)གྲོང་མི་ཀང་ཨའོ་ཐའེ་བཅས་སུ་འགྲོ་འོང་བྱེད་པའི་ལག་ཁྱེར་ཐེངས་ཁྲི་2688ལ་གསལ་མཆན་བཀོད་པ། ཀང་ཨའོ་ཐའེ་བཅས་ཀྱི་གྲོང་མི་ནང་སར(སྐམ་ས་ཆེན་པོ)འགྲོ་འོང་བྱེད་པའི་ལམ་ཡིག་ཐེངས་ཁྲི་54.1ཆོག་མཆན་བཀོད་ནས་སྤྲད་པ། ཕྱི་རྒྱལ་བའི་རྒྱལ་སྒྲོལ་ཐོངས་མཆན་ལག་ཁྱེར་ཐེངས་ཁྲི་40.6ཆོག་མཆན་བཀོད་ནས་སྤྲད་ཡོད། གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་5132.2ལ་འདྲི་རྩད་སོགས་ཀྱི་སྲིད་དོན་ཞབས་ཞུ་བསྒྲུབས་པ། ཀང་ཨའོ་ཐའེ་བཅས་ཀྱི་གྲོང་མི་དང་ཕྱིར་སྡོད་རང་མི་མི་ཐེངས་ཁྲི་2324ལ་རིན་མེད་ཀྱི་ཐོབ་ཐང་ཞིབ་བཤེར་བྱས་པ་དང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིའི་12367ཞབས་ཞུའི་ལས་སྟེགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་བ་མི་ཐེངས་ཁྲི་179.7ལ་བློ་འདྲི་སོགས་བདག་སྤྲོད་བྱས་པ་དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་། ས་ཁུལ་100ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། ཆ་སྙོམས་བློ་ཡིད་ཚིམ་ཚད་99.4%ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།