ད་ལོ་འཛད་ཟོག་རྙིང་པ་གསར་བརྗེས་དངུལ་འབོར་སྒོར་དུང་ཕྱུར་5000ལྷག་ཙམ་ཟིན་པ།

འདི་ནི་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཡན་ཐ་ཆུས་ཀྱི་ཚོང་ར་ཞིག་ཏུ་འཛད་སྤྱོད་པས་ལག་ཐོགས་ཁ་པར་ཉོ་བཞིན་པ།
ཚེས་15ཉིན། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཚོང་དོན་གྱི་གྲངས་གཞི་ཆེ་མོའི་ལྟ་ཞིབ་ཚད་ལེན་ལས་མངོན་པར། ཟླ་4ཚེས་12ཉིན་བར། 2026ལོའི་འཛད་ཟོག་རྙིང་པ་གསར་བརྗེས་དངུལ་འབོར་སྒོར་དུང་ཕྱུར་5029.4ཟིན་ནས་མི་ཐེངས་ཁྲི་6977.7ལ་ཕན་པ་ཐོབ་ཡོད་པ་རེད།
རླངས་འཁོར་རྙིང་པ་གསར་བརྗེས་བྱེད་ཚད་ཁྲི་167ལྷག་ཙམ་ཟིན་ནས་རླངས་འཁོར་གསར་པའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2694.4ལྷག་ཙམ་ཟིན་པར་སྐུལ་ཁྲིད་ཐུབ་ཡོད། དེའི་ནང་མཁོ་མེད་གསར་བརྗེས་རླངས་འཁོར་ཁྲི་47.2ལྷག་ཙམ་ཟིན་པ་དེའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་606.9ལྷག་ཙམ་ཟིན་པ་དང་། ཚབ་བརྗེས་གསར་སྒྱུར་རླངས་འཁོར་ཁྲི་119.8ལྷག་ཙམ་ཟིན་པ་དེའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2087.5ལྷག་ཙམ་ཟིན་ཡོད། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་ཚད་ཁྲི་2702.3ཟིན་པ་དེའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1110.9ཟིན་ཡོད། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཁྲི་4108.4ཉོས་པ་དེའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1224.1ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།