ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཁེ་ལས་ཤིག་གིས་ERPམ་ལག་ཐོག་མར་སྤྱོད་འགོ་ཚུགས་པ།
ཉེ་ཆར། ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་བར་སྐོར་འགག་སྒོ་ལས་ཁུངས་ཀྱི་མཛུབ་ཁྲིད་འོག་ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཁེ་ལས་ཤིག་གིས་ERPམ་ལག་ཐོག་མར་སྤྱོད་འགོ་ཚུགས་པ་མ་ཟད། འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་མ་ལག་གི་གྲངས་གཞི་དང་ཐད་ཀར་འབྲེལ་མཐུད་ཐུབ་ཡོད་པ་རེད།
ཁེ་ལས་ཀྱིས་གྲངས་འཛིན་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་ཆབས་ཅིག རིག་ལྡན་འགག་སྒོ་འཛུགས་སྐྱོང་ཡང་དུས་གཅིག་ཏུ་བྱེད་མགྱོགས་སུ་གཏོང་བ་དང་ཕྱོགས་གཅིག་ཏུ་ཤུགས་རྒྱག་བཞིན་ཡོད། རིག་ནུས་འགག་སྒོའི་མ་ལག་དང་། ཅིན་ཀོན་དུས་ཐེངས་གཉིས་པའི་དོ་དམ་མ་ལག འཁོར་རིགས་ཁུངས་འདེད་དོ་དམ་མ་ལག་སོགས་རིག་ལྡན་ལྟ་འདོམས་ཉེར་སྤྱོད་མ་ལག་ཁག་གཅིག་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པས། སྤྱི་ཡོངས་ཀྱི་འགག་སྒྲོལ་དུས་ཚོད་དེ་སྔ་ལས་50%ཐུང་དུ་ཕྱིན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་གསོག་འཇོག་བྱེད་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོ་ཧྲིལ་པོར། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི་2.45ཟིན་པ་དང་། 2026ལོའི་དུས་ཚིགས་དང་པོར། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་2491.06ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།